འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་སྔོན། ལྗོངས་ཏང་ཨུད་རྒྱུན་ཨུ། རྩ་འཛུགས་པུའུ་ཀྲང་ཙེང་དབན་མིང་གིས་ངེད་གྲོང་ཁྱེར་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་ཚད་ལྡན་ཅན་འཛུགས་སྐྱོང་ལས་དོན་ལ་རྟོག་ཞིབ་གནང་སྐབས། རྩ་འཛུགས་མ་ལག་འཛུགས་སྐྱོང་གཙོ་གནད་དུ་བཞག་སྟེ། ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་སྟོབས་ཤུགས་འབུར་ཐོན་ཡོད་པ་བྱས་ཐོག་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས་ཤིང་། བྱེད་སྒོ་ཁང་འདི་ཉིད་ཏང་གི་མཛད་ཕྱོགས་དྲིལ་བསྒྲགས་དང་། ཏང་གི་གྲོས་ཆོད་ལག་བསྟར། གཞི་རིམ་བཅོས་སྒྲིག་ལ་སྣེ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་སྐུལ་སློང་། བསྒྱུར་བཅོས་གོང་འཕེལ་ལ་སྐུལ་སྤེལ་བཅས་ལྡན་པའི་འཐབ་ས་གཙོ་བོ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་།
གྲོང་ཁྱེར་འགོ་ཁྲིད་ཕུར་བུ་དོན་གྲུབ་དང་ཀྲང་ཏིང་ཁྲེན་རྟོག་ཞིབ་ནང་མཉམ་དུ་ཞུགས་པ་རེད།
གྲ་ནང་རྫོང་གནས་ཁ་གྲོང་ཚོའི་དམངས་ཕན་ཞབས་ཞུ་ལྟེ་གནས་དང་། རིག་གནས་བྱེད་སྒོ་ཁང་། ཏང་ཡོན་བྱེད་སྒོ་ཁང་བཅས་ཀྱི་ས་ཡུལ་དངོས་ལ་བརྟག་ཞིབ་དང་སྦྲགས་འབྲེལ་ཡོད་ལས་དོན་སྙན་ཞུ་གསན་སྒྲུབ་རྗེས། ཙེང་དབན་མིང་གིས། གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་རྒྱུ་ནི་ཏང་གིས་བོད་ལྗོངས་སུ་སྲིད་འཛིན་གྱི་རྩ་བའི་རྨང་རྡོ་འདིང་བ་ལྟ་བུའི་གལ་ཆེན་ལས་འགན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཐོག་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནན་ཏན་ (པར་ངོས་གསུམ་པར་གཟིགས)