第04版:国际国内 上一版3
 
版面导航

第01版
头版

第02版
综合

第03版
综合
 
标题导航
| 山南网首页 |
2018年7月9日 星期
3 上一篇  下一篇 4 放大 缩小 默认
བོད་ལྗོངས་ཀྱི་རིག་ནུས་ཅན་གྱི་ཏང་འཛུགས་སྐྱོང་གི་ལས་སྟེགས་ཐོག་མ་དྲ་བར་ཞུགས་པ།
 

མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉིན་ཤས་གོང་། ལྷ་ས་ཁྲེང་ཀོན་ཆུས་ཀྱིས་རིག་ནུས་ཅན་གྱི་ཏང་འཛུགས་སྐྱོང་གི་ལས་སྟེགས་དངོས་སུ་བཏོད་པ་དེ་ཐོག་ནས་བོད་ཀྱིས་དྲ་སྦྲེལ་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་ནས་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་བའི་ལས་སྟེགས་ཐོག་མ་དྲ་བར་ཞུགས་པ་མཚོན་པ་དང་། ལས་སྟེགས་དེས“དྲ་ཐོག་དང་དྲ་ཕྱིའི”ཐབས་ལམ་གཉིས་བརྒྱུད་ནས“འབྱོར་ཐོ་གཉིས་འགོད་པ་དང་། ཞབས་འདེགས་གཉིས་ཞུ་བའི”རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལས་སྟེགས་དེས་བཅའ་སྡོད་ཁུལ་གྱི་རིམ་པ་ཁག་དང་ཚན་པ་ཁག་གི་སྤེལ་རེས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་བཅའ་སྡོད་ཚན་པ་དང་། བསྡུར་གྲངས་ངེས་ཅན་ཡོད་པའི་ཏང་ཡོན་ལས་བྱེད་པས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་ནས་གྲོང་མི་མང་ཚོགས་ལ་ཞབས་འདེགས་ཞུ་གང་ཐུབ་བྱེད་དགོས་པ་དང་འབྲེལ། ཏང་ཡོན་དཀྱུས་མ་ཞིག་གི་མིང་ཐོག་ནས་བཅའ་སྡོད་གྲོང་ཚོ་ཨུ་ལྷན་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་རྒྱུ་རེད། དྲ་ཐོག་ཏུ་དུས་བཀག་ལྟར་བྱེད་སྒོའི་ནང་དོན་དང་། མཉམ་སྤྱོད་ཐོན་ཁུངས། ཞབས་ཞུའི་རྣམ་གྲངས། ལས་ཞུགས་ཀྱི་ཆ་འཕྲིན་སོགས་ཡོངས་བསྒྲགས་བྱས་ནས་ཏང་ཡོན་མང་ཚོགས་དེ་བས་མང་བས་ལས་སྟེགས་སྤྱོད་པ་དང་ལས་སྟེགས་གཏོད་རྒྱུའི་ཡིད་དབང་བཀུག་ཐོག“ཚན་པའི་མི”ཆུ་ཚོད་བརྒྱད་ཀྱི་ཕན་ཆད་དུ“སྤྱི་ཚོགས་མིར”བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། དྲ་བའི་ཕྱི་རོལ་དུ“ལས་དོན་ཨུ་ལྷན་ཆེན་པོ”དང“ཀྲི་པུའུ་ཨུ་ལྷན་ཆེན་པོ”ཡི་ནུས་པ་ཧུར་ཐག་འདོན་སྤེལ་བྱས་ནས་ཁོངས་མིའི་ཚན་པ་རྒྱུན་མཐུད་སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་གྲོས་ཚོགས་འཚོགས་ནས་ཁོངས་གཏོགས་ཁུལ་གྱི་ཕྱོགས་བསྡུས་འཛུགས་སྐྲུན་ལ་མཉམ་དུ་གྲོས་བསྡུར་བྱས་ཐོག“ཐོན་ཁུངས་མཉམ་སྤྱོད་དང་། འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད། ལས་ཀའི་འགན་འཁྲི་མཉམ་འཁུར། བརྟན་ལྷིང་མཉམ་སྲུང”བཅས་ཀྱི་ཏང་འཛུགས་སྐྱོང་གི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合
   第03版:综合
   第04版:国际国内
རང་རྒྱལ་གྱི་ནད་ཕོག་ནས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་གི་
འདི་ནི་བོད་ལ་གནས་མཇལ་ཡོང་མཁན་གྱི་རྒྱ་གར་ཡུལ་སྐོར་བས་འགག་སྒོ་སྒྲོལ་བཞིན་པའི་གནས་ཚུལ་ཡིན་པ།
བོད་ལྗོངས་ཀྱི་རིག་ནུས་ཅན་གྱི་ཏང་འཛུགས་སྐྱོང་གི་ལས་སྟེགས་ཐོག་མ་དྲ་བར་ཞུགས་པ།