ཉེ་སྔོན། བོད་ལྗོངས་མཐའ་མཚམས་སྲུང་སྐྱོང་གྲོ་མོ་མཐའ་མཚམས་སྲུང་སྐྱོང་རུ་ཁག་འགག་སྒོའི་ཞིབ་བཤེར་ས་ཚིགས་ཀྱི་ཞིབ་བཤེར་མི་སྣ་བསྟན་འཛིན་འཕྲིན་ལས་ཀྱིས་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་གྱི་མིང་ཐོའི་དཔང་ཡིག་ལ་ཐེལ་ཙེ་བརྒྱབ་ཡོད་པ་རེད། དེས་2018ལོར་རྒྱ་གར་གཞུང་ཕྱོགས་ནས་ཆོག་མཆན་ཐོབ་པའི་ཡུལ་སྐོར་བ་མི་གྲངས་33ཆ་ཚང་འགག་སྒོ་ནས་བདེ་བླག་ངང་སྒྲོལ་ཏེ་བོད་ཀྱི་མངའ་རིས་ཕྱོགས་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་བསྐྱོད་མཁན་ཐོག་མ་དེ་ཡིན་པ་རེད།