第04版:国际国内 上一版3
 
版面导航

第01版
头版

第02版
综合

第03版
综合
 
标题导航
| 山南网首页 |
2018年7月9日 星期
下一篇 4 放大 缩小 默认
རང་རྒྱལ་གྱི་ནད་ཕོག་ནས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་གི་
 

མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་བདེ་ཐང་དབུལ་སྐྱོར་ལ་འཕེལ་རིམ་གསར་པ་ཐོན་ཞིང་། མིག་སྔར། རྒྱལ་ཡོངས་སུ་ནད་ཕོག་ནས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་གི་དུད་ཚང་དབུལ་པོ་ཁྲི་581དབུལ་སྒྲོལ་ཐུབ་ནས་དབུལ་སྒྲོལ་ཐུབ་ཚད་དེ་རྒྱལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྤྱི་ཡོངས་ཀྱི་དབུལ་སྒྲོལ་ཐུབ་ཚད་དང་སྤྱིར་ན་གཅིག་མཚུངས་ཡིན་པ་རེད།

འདི་ནི་ཉེ་སྔོན་གསར་འགོད་པར་ཁྲེང་ཏུར་འཚོགས་པའི་རྒྱལ་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་མ་ཞའོ་ཝུའེ་ཡིས་དབུལ་སྒྲོལ་འགག་སྒྲོལ་བྱས་ཚུན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནད་སྨིན་ཇུས་འདོན་དང་སྤྱི་འདོམས་སྐུལ་འདེད་བཏང་བས་བདེ་ཐང་དབུལ་སྐྱོར་ལ་དུས་མཚམས་རང་བཞིན་གྱི་འཕེལ་རིམ་ཐོན་ཡོད་ཅེས་བརྗོད་པ་རེད།

མཱ་ཞའོ་ཝུའེ་ཡིས་རྒྱལ་ཁབ་ཀྱིས་མི་འབོར་དབུལ་པོའི་སྨན་བཅོས་འགན་ལེན་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས་མི་འབོར་དབུལ་པོར“ནད་ལྟ་ཐུབ་པ”ཧུར་ཐག་བྱས་ཡོད། མི་འབོར་དབུལ་པོར་གཟིགས་སྐྱོང་རང་བཞིན་གྱི་སྨན་བཅོས་འགན་ལེན་སྲིད་ཇུས་ལག་བསྟར་བྱས་པ་དང་། གྲོང་གསབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནད་ཆེན་འགན་བཅོལ་གྱི་སྨན་རིན་སྤྲོད་ཚད་དེ་བརྒྱ་ཆ་50བར་དམའ་རུ་བཏང་བ། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་གྲོན་དངུལ་རྩིས་ཞུའི་བསྡུར་གྲངས་དེ་བརྒྱ་ཆའི་གྲངས་5ཡན་མཐོ་རུ་བཏང་ཡོད། ད་དུང་རྫོང་ཁོངས་ནང་སྨན་ཁང་དུ་སྡོད་པར་སྔོན་ལ་སྨན་བཅོས་དང་རྗེས་ལ་སྨན་རིན་སྤྲོད་པ་དང“གཅིག་འཐུས་རྣམ་པའི”དུས་ཐོག་ཏུ་བསྡོམས་རྩིས་རྒྱག་རྒྱུ་ཁྱབ་གདལ་བཏང་བ། མི་འབོར་དབུལ་པོར་དམིགས་བསལ་གྱི་སྨན་བཅོས་འགན་ལེན་བྱ་ཐབས་སྤྱད་ཡོད། 2017ལོར་རྒྱལ་ཡོངས་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་གྲོན་དངུལ་མི་སྒེར་གྱིས་སྤྲོད་པའི་བསྡུར་གྲངས་ཆ་སྙོམས་བརྒྱ་ཆ་16ཡིན་པ་དེ་2016ལོ་ལས་བརྒྱ་ཆའི་གྲངས་27ཆག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合
   第03版:综合
   第04版:国际国内
རང་རྒྱལ་གྱི་ནད་ཕོག་ནས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་གི་
འདི་ནི་བོད་ལ་གནས་མཇལ་ཡོང་མཁན་གྱི་རྒྱ་གར་ཡུལ་སྐོར་བས་འགག་སྒོ་སྒྲོལ་བཞིན་པའི་གནས་ཚུལ་ཡིན་པ།
བོད་ལྗོངས་ཀྱི་རིག་ནུས་ཅན་གྱི་ཏང་འཛུགས་སྐྱོང་གི་ལས་སྟེགས་ཐོག་མ་དྲ་བར་ཞུགས་པ།