第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་
གྲོང་ཨུད་རྒྱུན་ཨུད་ རྒྱ་ཆེའི་ཚོགས་འདུ་འཚོགས་པ།
སྐྲའི་བདེ་སྲུང་སྐོར།
ད་ལོའི་བོད་ཀྱི་མཐོ་རྒྱུགས་སློབ་བསྡུའི་སྐར་གྲངས་ཚད་གཞི་དོན་འདུག
ཕུར་བུ་དོན་གྲུབ་ཀྱིས་སྲིད་གཞུང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་36གཙོ་སྐྱོང་གནང་སྐབས་ཀྲུང་དབྱང་
| 山南网首页 |
2018年6月27日 星期
3 上一篇 放大 缩小 默认
ཕུར་བུ་དོན་གྲུབ་ཀྱིས་སྲིད་གཞུང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་36གཙོ་སྐྱོང་གནང་སྐབས་ཀྲུང་དབྱང་
 

(པར་ངོས་དང་པོར་མཐུད) ཕུར་བུ་དོན་གྲུབ་ཀྱིས། 2017ལོར་ལྷོ་ནུབ་ལྟ་བཤེར་ཅུད་དང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚོ་ཆུང་གིས་སྔ་རྗེས་སུ་ངེད་གྲོང་ཁྱེར་དུ་སྔོན་འགྲོའི་ཕྱོགས་བསྡུས་ལྟ་སྐུལ་ལྟ་བཤེར་དང་གཤམ་བསྐྱོད་ལྟ་བཤེར་གྱི་ལས་དོན་སྤེལ་ཏེ་ལྷག་བསྡད་པའི་གནད་དོན་བརྡ་ལན་སྤྲད་ཡོད་ཅེས་མཛུབ་སྟོན་གནང་།

ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚོ་ཆུང་གིས་བརྡ་ལན་སྤྲད་ཚུན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པས་འབུར་ཐོན་གནད་དོན་ཐག་གཅོད་བྱེད་རྒྱུ་གཙོ་གནད་དུ་བཞག་སྟེ་སྟོབས་ཤུགས་གཅིག་སྒྲིལ་ཐོག་བྱ་ཐབས་གནད་འཕིགས་ཀྱིས་སྔོན་ཚུད་ནས་བཅོས་སྒྲིག་གི་ལས་འགན་དང་ལེན་བྱས་ཤིང་། བཅོས་སྒྲིག་གི་ཇུས་གཞི་བཟོས་པ་དག་སྒོ་ཀུན་ནས་དོན་འཁྱོལ་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད་པ་རེད།

ཕུར་བུ་དོན་གྲུབ་ཀྱིས། བསམ་བློའི་ངོས་འཛིན་གཏིང་ཟབ་བཏང་སྟེ་ཆབ་སྲིད་ལངས་ཕྱོགས་བརྟན་གཏོང་གིས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་བཅོས་སྒྲིག་གི་ཆབ་སྲིད་འགན་འཁྲི་ཧུར་ཐག་སྤེལ་དགོས་པ་དང་། གོམ་གང་མདུན་སྤོས་ངང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་བཅོས་སྒྲིག་ལས་དོན་གྱི་ཆབ་སྲིད་ཀྱི་རང་འགུལ་དང་། བསམ་བློའི་རང་འགུལ། བྱ་སྤྱོད་ཀྱི་རང་འགུལ་བཅས་ཀྱི་སྐུལ་སྤེལ་མཐོར་འདེགས་གཏོང་དགོས་པ་དང་།གནད་དོན་ཁྲིད་སྟོན་འབུར་ཐོན་གྱིས་ཕྱོགས་ཡོངས་ནས་བཅོས་སྒྲིག་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་ལས་དོན་གྱི་ལས་འགན་ལ་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། སྒོ་ཀུན་ནས་ལྷག་བསྡད་པའི་གནད་དོན་རྩིས་སྤྲོད་ལས་གཉེར་གྱི་ལམ་ལུགས་དང་། ཇུས་གཞི་གཞིར་བཟུང་བཅོས་སྒྲིག་ལག་བསྟར་ལམ་ལུགས། རྫོང་འགན་གཙང་ལྟ་སྐུལ་ཁྲིད་སྟོན་ལམ་ལུགས། ལས་གཉེར་ལེགས་སྒྲུབ་ལ་མཆན་རྟགས་འགོད་པའི་ལམ་ལུགས་བཅས་ལག་བསྟར་ཏན་ཏིག་བྱེད་དགོས་པ།རང་སྐྱོང་ལྗོངས་ཀྱི་ལྟ་བཤེར་ཚོ་ཆུང་གིས་སྤེལ་བའི་ལས་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་སྒོས་བཅོས་སྒྲིག་ལས་དོན་གྱི་འགན་འཁྲི་དོན་ཏུ་འཁྱོངས་པ་བྱས་ཏེ་ལྟ་བཤེར་གྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་སྲུང་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་།

ཚོགས་འདུས་གྲོང་ཁྱེར་ཡོངས་ཀྱི་བཅོས་སྒྲིག་ལས་གཉེར་ལྟ་སྐུལ་སྤེལ་ཚུལ་བརྡ་ཁྱབ་བཏང་བ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:藏区新闻
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་
གྲོང་ཨུད་རྒྱུན་ཨུད་ རྒྱ་ཆེའི་ཚོགས་འདུ་འཚོགས་པ།
སྐྲའི་བདེ་སྲུང་སྐོར།
ད་ལོའི་བོད་ཀྱི་མཐོ་རྒྱུགས་སློབ་བསྡུའི་སྐར་གྲངས་ཚད་གཞི་དོན་འདུག
ཕུར་བུ་དོན་གྲུབ་ཀྱིས་སྲིད་གཞུང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་36གཙོ་སྐྱོང་གནང་སྐབས་ཀྲུང་དབྱང་