བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཚེས་25ཉིན་གྱི་ཕྱི་དྲོར། གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་སློབ་བསྡུ་རྒྱུགས་ལེན་ཨུ་ལྷན་གྱིས་ཟླ་6ཚེས་25ཉིན་ཚོགས་འདུ་འཚོགས་ཏེ་ཞིབ་འཇུག་དང་། གྲོས་ཞིབ། གྲོས་འཆམ་བྱས་པ་དང་འབྲེལ་སློབ་གསོ་པུའུ་ལ་ཆོག་མཆན་སྤྲོད་རྒྱུའི་སྙན་སེང་ཞུས་པ་བརྒྱུད་རང་ལྗོངས་ཀྱི་2018ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས་གཏན་འཁེལ་བྱས་ནས་ད་ཆ་ཡོངས་བསྒྲགས་བྱ་རྒྱུ་སྟེ།
གཅིག སློབ་ཁུངས་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས།
(1)རིག་གནས་ལོ་རྒྱུས་རིགས།
གཙོ་གནད་དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་375དང་། རྒྱ་རིགས་ཀྱི་སྐར་གྲངས་460ཡིན་པ།
དངོས་གཞིའི་ཚན་ཁག་དཀྱུས་མ། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་320དང་རྒྱ་རིགས་ཀྱི་སྐར་གྲངས་355ཡིན་པ།
ཆེད་ལས་ཚན་ཁག(མཐོ་རིམ་ལས་རིགས)གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་148དང་། རྒྱ་རིགས་ཀྱི་སྐར་གྲངས་169ཡིན།
(2)རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
གཙོ་གནད་དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་327དང་། རྒྱ་རིགས་ཀྱི་སྐར་གྲངས་445ཡིན་པ།དངོས་གཞིའི་ཚན་ཁག་དཀྱུས་མ། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་278དང་། རྒྱ་རིགས་ཀྱི་སྐར་གྲངས་335ཡིན་པ། ཆེད་ལས་ཚན་ཁག(མཐོ་རིམ་ལས་རིགས)གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་210དང་། རྒྱ་རིགས་ཀྱི་སྐར་གྲངས་213ཡིན་པ།
གཉིས། སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས་ཀྱི་སློབ་བསྡུའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས།
(པར་ངོས་གསུམ་པར་གཟིགས)