第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年6月20日 星期
3 上一篇 放大 缩小 默认
གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱ་གཞག་ གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་དོ་དམ་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ནུས་པ་ཆེར་གཏོང་དང་། འགན་ནུས་འབུར་ཐོན། ཚད་ལྡན་ལ་ཤུགས་སྣོན། ཕན་འབྲས་ལ་ཤུགས་སྣོན། གྲངས་གཞི་སྒུལ་སྐྱོད་བཅས་ཕྱོགས་ལྔའི་ཐད་གཞོལ་གྱོད་གཞི་དོ་དམ་གྱི་སྤུས་རྟགས་འཛུགས་སྐྱོང་ལ་རམ་འདེགས་བྱས་པ་རེད།

གྱོད་གཞི་དོ་དམ་གྱི་ལས་ཀའི་ནུས་པ་ཆེ་རུ་གཏོང་རྒྱུར་གཞོལ་ཞིང་། ཆེད་འགན་འཁུར་མཁན་གྱོད་གཞིའི་དོ་དམ་ལས་དོན་པ་གཏན་འཁེལ་དང་། བྱེད་སྒོ་སྤེལ་ས་བསྐྲུན་པ་དང་། སྒྲིག་ཆས་བཀོད་སྒྲིག་བཅས་ཡག་པོ་བྱས་ཏེ་གྱོད་གཞི་དོ་དམ་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གྱོད་གཞི་དོ་དམ་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

གྱོད་གཞི་དོ་དམ་གྱི་ལས་ཀའི་འགན་ནུས་མངོན་གསལ་དུ་གཏོང་རྒྱུར་གཞོལ་ཞིང་། གྱོད་གཞི་དོ་དམ་སྡེ་ཚན་གྱིས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་བསྐྱོད་དེ་དོ་དམ་དང་། ལྟ་སྐུལ། ཞབས་ཞུ། ཇུས་འདོན་བཅས་འགན་ནུས་བཞིའི་ནང་དོན་མཐར་ཕྱིན་པ་ཤེས་པ་བྱས་པ།

གྱོད་གཞི་དོ་དམ་གྱི་ལས་ཀའི་ཚད་ལྡན་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་ཞིང་། རིམ་གཉིས་ཞིབ་དཔྱོད་ཁང་གི་གྱོད་གཞི་དོ་དམ་ལས་དོན་པའི་དོན་དངོས་ལ་དམིགས་ཏེ། ནང་ངོས་ཀྱི་སྒྲིག་ལམ་དང་ལམ་ལུགས་ལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་རྒྱུར་དམ་འཛིན་དང་། འགན་འཁྲི་ཁག་མི་ཐོག་ཏུ་གསལ་པོ་བཟོས་ནས་ལག་བསྟར་བྱེད་ནུས་ལ་དམ་འཛིན་བྱས་པ་།

གྱོད་གཞི་དོ་དམ་ལས་ཀའི་ཕན་འབྲས་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་ཞིང་། ལྟ་སྐུལ་དོ་དམ་གྱི་ཕན་འབྲས་མངོན་གསལ་དོད་དུ་བཏང་ནས། ཁྲིམས་ལྟར་དུས་ཐོག་ཏུ་གྱོད་གཞི་བསྒྲུབ་རྒྱུར་འགན་ལེན་བྱས་ཏེ་དག་འབུད་པ་དང་གཏུག་བཤེར་བྱེད་མཁན་ལ་སྣེ་ལེན་དང་དོ་བདག་གི་གཏུག་བཤེར་དབང་ཆ་འགན་ལེན་ཡག་པོ་བྱས་ནས་གྱོད་འབྲེལ་རྒྱུ་དངོས་དང་དོ་བདག་གི་རྒྱུ་ནོར་དབང་ཆར་སྲུང་སྐྱོང་དང་ལས་བྱེད་ཉེན་རྟོག་པས་ཁྲིམས་ལྟར་གྱོད་འབྲེལ་རྒྱུ་དངོས་ཐག་གཅོད་བྱ་རྒྱུར་འགན་ལེན་བཅས་བྱས་ཡོད།

གྱོད་གཞི་དོ་དམ་ལས་དོན་གྱི་གྲངས་གཞི་སྤྱོད་རྒྱུར་གཞོལ་ཞིང་། གཅིག་གྱུར་གྱི་ལས་སྒོའི་བཀོལ་སྤྱོད་མ་ལག་དང་གྱོད་གཞི་དོ་དམ་མ་ལག་སོགས་ལ་བརྟེན་ནས་ལྷོ་ཁའི་ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་གཞིའི་གྲངས་གཞི་ཆེ་མོ་དང་གྱོད་གཞིའི་སྤུས་ཚད་དབྱེ་ཞིབ་ཚོད་སྐོར་གྱི་གྲངས་གཞིའི་འཚོལ་ཞིབ་གྲངས་མཛོད་བསྐྲུན་ཡོད། ད་དུང་ཉམས་ཞན་ལྷུ་ཚིགས་དང་འབུར་ཐོན་གནད་དོན་ལ་ཐག་གཅོད་ཀྱི་བསམ་ཕྱོགས་བཏོན་ནས་ལྷོ་ཁའི་ཞིབ་དཔྱོད་བྱ་གཞག་ཚན་རིག་དང་མཐུན་པ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱས་ཡོད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ངེད་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་
དམངས་ཕྱུག་མཐའ་བརྟན་ཡོང་བར་བྱས་ནས་འབྱོར་འབྲིང་ལ་རམ་འདེགས་བྱེད་པ།
གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱ་གཞག་ གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱས་པ།