第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2018年5月18日 星期
下一篇 4 放大 缩小 默认
དྲ་ཐོག་ཚོང་དོན་རྒྱ་ཁྱབ་སྤེལ།ཕྱུག་འགྱུར་ལམ་བུ་ཇེ་ཡང་སོང་།
 

(པར་ངོས་དང་པོར་མཐུད) དྲ་ཐོག་ཚོང་དོན་སྟེགས་བུ་བརྒྱུད་གོང་དཀར་རྫོང་གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་ལ་བྲིན་ཚོང་བྱས་ནས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

2017ལོར། གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་ལྷན་དང་། འཕྲེང་འགོ་གྲོང་ཚོ། ཁྱིམ་བཞི་གྲོང་ཚོ་སོགས་གྲོང་ཚོ་19རུ་དྲ་ཐོག་ཚོང་དོན་གྱི་གྲོང་ཚོ་རིམ་པའི་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་བྱས་པའི་ནང་ལྕེ་བདེ་ཞོལ་གྱི་ས་ཚིགས་ཚོད་གཉེར་ཟླ་བ་གཉིས་བྱས་པ་ལས་མང་ཚོགས་ཀྱི་དྲ་ཞུགས་ཚོང་དོན་བསྡོམས་འབོར་སྒོར་18211ཟིན་ཡོད།

ད་ལྟ་དྲ་རྒྱ་དེ་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད། དེས་ན་གོང་དཀར་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་ཁ་གསབ་བྱ་ཐབས་བཟོས་ནས་དྲ་ཐོག་ཚོང་དོན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ལ་གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་དྲ་བ་འཛུགས་རོགས་བྱས་ནས་ཟོག་འགྲེམས་སྡེབ་སྐྱེལ་གྱི་མ་གནས་དང་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་དྲ་ཐོག་ཚོང་ཟོག་ཉོ་སྒྲུབ་ཀྱི་མ་གནས་ཆུང་དུ་བཏང་ཡོད།

ལོ་མང་འབད་བརྩོན་བྱས་པ་བརྒྱུད། གོང་དཀར་རྫོང་གི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་རྣམ་གྲངས་ཀྱིས“བཟོ་ལས་ཐོན་རྫས་གཤམ་སྤེལ”དང“ཞིང་ལས་ཐོན་རྫས་དྲ་ཐོག་བྲིན་ཚོང”གཉིས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ནས་ཞིང་འབྲོག་པའི་ཕྱུག་འགྱུར་ལམ་བུ་གསར་པ་ཞིག་ཀྱང་འབྱེད་ཐུབ་པ་བྱུང་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会焦点
དྲ་ཐོག་ཚོང་དོན་རྒྱ་ཁྱབ་སྤེལ།ཕྱུག་འགྱུར་ལམ་བུ་ཇེ་ཡང་སོང་།
ཀྲིང་མོག་ཆུང་ཆུང་གིས་དབུལ་ཞྭ་ལྕི་པོ་ཕུད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་ཀློག་དེབ་གལ་ཆེན་ཏེ།《ཞི་ཅིན་ཕིང་གི་གསུང་བཤད་ནང་གི་གཏམ་དཔེ》དེབ་གཉིས་@