དོན་ཚན་ཞེ་གཅིག་པ།རྩ་ཁྲིམས་ཀྱི་དོན་ཚན་རེ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་གྱི་འགན་དབང་ལག་ལེན་བསྟར་རྒྱུ་ཞེས་པར་ནང་གསེས་གཅིག་བསྣན་ནས་ནང་གསེས་བདུན་པར་བྱས་པ་སྟེ།(བདུན)རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འདེམས་བསྐོ་བྱ་རྒྱུ་ཞེས་པ་དེ་ཡིན།ནང་གསེས་བདུན་པ་ནས་ནང་གསེས་བཅོ་ལྔ་བར་ནང་གསེས་བརྒྱད་པ་ནས་ནང་གསེས་བཅུ་དྲུག་བར་དེ་མཚུངས་སུ་བཟོ་བཅོས་བརྒྱབ་པ།
དོན་ཚན་ཞེ་གཉིས་པ།རྩ་ཁྲིམས་ཀྱི་དོན་ཚན་རེ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་གཤམ་གསལ་མི་སྣ་གནས་དབྱུང་གཏོང་དབང་ཡོད་ཅེས་པར་ནང་གསེས་གཅིག་བསྣན་ནས་ནང་གསེས་བཞི་པར་བྱས་པ་སྟེ་(བཞི)རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞེས་པ་དེ་ཡིན།ནང་གསེས་བཞི་པ་དང་ནང་གསེས་ལྔ་པ་དེ་ནང་གསེས་ལྔ་པ་དང་ནང་གསེས་དྲུག་པར་དེ་མཚུངས་སུ་བཟོ་བཅོས་བརྒྱབ་པ།
དོན་ཚན་ཞེ་གསུམ་པ།རྩ་ཁྲིམས་ཀྱི་དོན་ཚན་རེ་ལྔའི་ནང་གསེས་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་།འདྲི་གཅོད་ལས་ཁུངས།ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་གོ་གནས་འཁུར་མི་རུང་ཞེས་པ་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་།ལྟ་ཞིབ་ལས་ཁུངས།འདྲི་གཅོད་ལས་ཁུངས།ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་གོ་གནས་འཁུར་མི་རུང་ཞེས་པར་བཟོ་བཅོས་བརྒྱབ་པ།
(མུ་མཐུད་འགོད་རྒྱུ)