第04版:国际国内 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
བོད་ཀྱིས་ལོ་ལྔའི་རིང་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་
མེ་ལོང་
ན་ནིང་ཀྲུང་གོའི་ཁེ་ལས་9ཉིའུ་གཡོད་དངུལ་འཛིན་བརྗེ་རེས་ཁང་དུ་ཁྲོམ་རར་ཞུགས་པ།
དཔྱིད་རྨོད་དཔྱིད་གྲབས་ཚ་ཚ་འུར་འུར་བྱེད། ལོ་ལེགས་ཡོང་བའི་རེ་སྨོན་བཟང་པོ་འཆང་།
འདི་ལོའི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་མིག་ལམ་གྱི་བོད་རིགས་ས་ཁུལ་
སྐྱེ་ཁམས་ལེགས་པའི་མཐའ་མཚམས་ཤང་གྲོང་།
| 山南网首页 |
2018年3月19日 星期
下一篇 4 放大 缩小 默认
བོད་ཀྱིས་ལོ་ལྔའི་རིང་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་
 

མི་དམངས་ཉེའི་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ལོ་5ཡི་རིང་། བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་སྔར་བས་གལ་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། རིམ་རྩིས་བྱས་ན་རིགས་ཁག་གི་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་254.34དོན་འཁྱོལ་བྱས་ཏེ་ས་མཐོའི་གནམ་སྔོ་ཆུ་དྭངས་བསྲུངས་ཡོད།

བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདས་པའི་ལོ་5ནི་བོད་ཀྱི་ལམ་ལུགས་འདོན་ཚད་མང་ཤོས་དང་། སྲུང་སྐྱོང་ཐད་གཏོང་ཆ་གཏོང་ཤུགས་ཆེ་ཤོས། སྦགས་བཙོག་བཅོས་སྐྱོང་བྱ་ཤུགས་ཆེ་ཤོས། ལྟ་འདོམས་ཁྲིམས་འཛིན་བྱེད་ཚད་ནན་ཤོས་བཅས་ཀྱི་ལོ་5ཡིན་པ་དང་། སྔ་རྗེས་སུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྲོལ་ལམ་ལུགས་60ལྷག་ཙམ་བཟོས་ཏེ་བཏོན་པ། ཁོར་ཡུག་སྲུང་སྐྱོང་གི་རྫོང་ཁོངས་ཞིབ་དཔྱད་ཐོག་མར་བཏོད་པ། དཔྱད་ཞིབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་2.26སྤྲད་པ། དཔྱད་ཞིབ་ཚད་གཞི་མ་ལོན་པའི་རྫོང(ཆུས)15ཡི་འགན་ཁུར་བར་སྐོང་འདྲི་བྱས་པ་བཅས་རེད།

སྦགས་བཙོག་འགོག་བཅོས་བྱེད་པའི་ཐད། བོད་ཀྱིས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ཆེ་མོ་གསུམ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཞིང་། རྫས་འགྱུར་དབྱང་མཁོ་ཚད་དང་། ཨན་ཏན། དབྱང་གཉིས་ལིའུ་རྫས། ཏན་དབྱང་འགྱུར་རྫས་བཅས་སྦགས་བཙོག་དངོས་པོ་གཙོ་གྲས་བཞི་བཤངས་འབུད་བྱེད་ཚད་དང་ཁོར་ཡུག་སྤུས་ཚད་ལེགས་གཏོང་གི་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་རྒྱལ་ཁབ་ཀྱི་བླང་བྱ་དང་མཐུན་ཡོད་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་སྤྱིའི་ཆ་ནས་བཟང་པོ་ཡོད་པ། གཙང་པོ་དང་ཆུ་བོ། དེ་བཞིན་མཚོ་གཙོ་བོ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་7གནས་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་འཐུང་ཆུའི་ཆུ་ཁུངས་22ཀྱི་ཆུའི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་100%ཟིན་ཡོད།

ཁོར་ཡུག་གི་གཅུན་འདོམས་ཐད། རིམ་ཁག་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་རྣམ་གྲངས་འཛུགས་སྐྲུན་ཐོན་ལས་ཀྱི་སྲིད་ཇུས་འགག་སྒོ་དང་། ཐོན་ཁུངས་ཟད་གྲོན་འགག་སྒོ སྣོད་བཅུད་ཁོར་ཡུག་འགག་སྒོ་བཅས་ནན་པོ་བསྲུངས་ཏེ་འཆར་བཀོད་ཀྱི་ཁོར་ཡུག་དཔྱད་བསྡུར་ཡིག་ཆ་103ལ་ཞིབ་བཤེར་བྱས་པ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་བསྡུར་ཡིག་ཆ་29896ལ་ཞིབ་བཤེར་ཆོག་མཆན་སྤྲད་པ། ཁོར་ཡུག་གི་ལྟ་འདོམས་དྲ་མིག་6240བཙུགས་པ། རིམ་རྩིས་བྱས་ན། ཁོར་ཡུག་གི་ཁྲིམས་འཛིན་མི་ཐེངས་ཁྲི་3.5ལྷག་ཙམ་བཏང་ནས་ཁེ་ལས(རྣམ་གྲངས)16218ལ་ཞིབ་བཤེར་བྱས་པ། གནད་དོན་963ལ་གྱོད་དོན་ཐོ་འགོད་དང་ཆད་པ་བཅད་པ་བཅས་རེད།

སྣོད་བཅུད་སྲུང་སྐྱོང་གི་གཏོང་ཆའི་ཐད། ལོ་5ཡི་རིང་། བོད་ཀྱིས་རིམ་རྩིས་བྱས་ན། རིགས་ཁག་གི་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་254.34དོན་འཁྱོལ་བྱས་པ་དང་། རིམ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པ། རིམ་རྩིས་བྱས་ན། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་10དང་། སྣོད་བཅུད་ཤང་གྲོང་173 སྣོད་བཅུད་གྲོང་ཚོ་1924བཅས་བསྐྲུན་ཡོད་པ་རེད།

དཀའ་བ་སྤྱད་ན་འབྲས་བུ་ལོས་ཀྱིས་ཐོབ། ཀྲུང་གོ་ཚན་རིག་ཁང་གི་ལྟ་དཔྱད་ཚད་འཇལ་དང་ཞིབ་འཇུག་སྙན་ཞུ་ལས་མངོན་པར། ད་ཆའི་མཚོ་བོད་ས་མཐོའི་རིགས་ཁག་གི་སྣོད་བཅུད་མ་ལག་གི་གྲུབ་ཆ་སྤྱིའི་ཆར་བརྟན་པོ་ཡོད་པ་དང་། སྣོད་བཅུད་སྤུས་ཚད་བརྟན་ལ་ལེགས་པ། ཆུ་དང་། རླུང་ཁམས། སྒྲ། ས་རྒྱུ། འགྱེད་འཕྲོ། སྣོད་བཅུད་ཁོར་ཡུག་བཅས་ཀྱི་སྤུས་ཚད་གཞི་རྩའི་ཆ་ནས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
བོད་ཀྱིས་ལོ་ལྔའི་རིང་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་
མེ་ལོང་
ན་ནིང་ཀྲུང་གོའི་ཁེ་ལས་9ཉིའུ་གཡོད་དངུལ་འཛིན་བརྗེ་རེས་ཁང་དུ་ཁྲོམ་རར་ཞུགས་པ།
དཔྱིད་རྨོད་དཔྱིད་གྲབས་ཚ་ཚ་འུར་འུར་བྱེད། ལོ་ལེགས་ཡོང་བའི་རེ་སྨོན་བཟང་པོ་འཆང་།
འདི་ལོའི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་མིག་ལམ་གྱི་བོད་རིགས་ས་ཁུལ་
སྐྱེ་ཁམས་ལེགས་པའི་མཐའ་མཚམས་ཤང་གྲོང་།