འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གིས་དབུལ་སྒྲོལ་འགག་གཏོར གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ནས་དབུལ་ཞྭ་ཕུད་རྒྱུའི་དམག་འཐབ་བཤམས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་གཉིས་ནང་། རྒྱལ་སྨན་ཤང་གིས་གནད་འཕིགས་དྲུག་དང་གཅིག་བྱས་པ་ལྔའི་ལས་ཀའི་རེ་བ་ལྟར།གཅིག་བྱས་པ་བཅུའི་དབུལ་སྒྲོལ་བྱ་ཐབས་གནད་འཕིགས་ལག་བསྟར་དང་།དབུལ་པོའི་མང་ཚོགས་དང་དབུལ་པོའི་མང་ཚོགས་དབུལ་སྒྲོལ་བྱེད་པའི་བརྒྱུད་རིམ་ནན་པོ་ལག་བསྟར་བྱས་ཐོག ཁྱིམ་དུད་166གི་མི་གྲངས་607དབུལ་སྒྲོལ་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཁྱིམ་11གི་མི་གྲངས་37དབུལ་སྒྲོལ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་པ།དབུལ་པོ་ཁྱིམ་དུད་ཚང་མར་སེམས་ཁྲལ་མེད་པ་གསུམ་དང་ཡོད་པ་གསུམ། འགན་ལེན་གསུམ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ནས།རང་སྐྱོང་ལྗོངས་དང་གྲོང་ཁྱེར་གཉིས་ཀྱི་དབུལ་ཞྭ་ཕུད་པའི་དཔྱད་དཔོག་བྱུང་ཡོད་པ་རེད།