第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年3月19日 星期
3 上一篇  下一篇 4 放大 缩小 默认
སྣེ་གདོང་ཆུས་ཀྱིིས།
འདི་ལོ་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་ 54.28ལེགས་གྲུབ་ཟིན་པ་བྱ་རྩིས་ཡོད་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།འདི་ལོ་ནི་ལོ་ལྔ་ཚན་བཅུ་གསུམ་འཆར་འགོད་དམིགས་ཚད་འོས་འགན་གྱི་གལ་ཆེའི་ལོ་ཤིག་ཡིན་པ་དང་།སྣེ་གདོང་ཆུས་ཀྱིས་རྣམ་གྲངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལོ་ཧྲིལ་པོའི་སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་མ་འཇོག་འོས་འགན་ལེགས་གྲུབ་ཟིན་པ་དང་།མིག་སྔའི་བར་རྣམ་གྲངས་བསྐྱར་འགོ་ཚུགས་པའི་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོ་སྣེ་གདོང་ཆུས་ཀྱིས་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་54.28ལེགས་གྲུབ་བྱ་རྒྱུ་དང་དུས་མཉམ་ལས་བརྒྱ་ཆ་27.7འཕར་སྣོན་བྱ་རྒྱུ་ཡིན་པ་རེད།སྣེ་གདོང་ཆུས་ལ་ལས་བདག་རྣམ་གྲངས་ཁག་82ཡོད་པ་དང་འཆར་གཞི་ལྟར་ན་མ་འཇོག་སྒོར་དུང་ཕྱུར་29.84གཏོང་རྩིས་ཡོད་པའི་ནང་།ཞིང་ལས་དཔལ་འབྱོར་རིགས་ཀྱི་རྣམ་གྲངས་27ལ་འཆར་གཞི་ལྟར་ན་མ་འཇོག་སྒོར་དུང་ཕྱུར་3.43གཏོང་རྩིས་ཡོད་པ་དང་།སྤྱི་ཚོགས་འཕེལ་རྒྱས་རིགས་ཀྱི་རྣམ་གྲངས་ཁག་18ཡོད་པར་འཆར་གཞི་ལྟར་ན་མ་འཇོག་སྒོར་དུང་ཕྱུར་1.54གཏོང་རྩིས་ཡོད་པ།མ་འཇོག་རིགས་ཀྱི་རྣམ་གྲངས་ཁག་22ཡོད་པར་འཆར་གཞི་ལྟར་ན་མ་འཇོག་སྒོར་དུང་ཕྱུར་13.19གཏོང་རྩིས་ཡོད་པ།འགྲིམ་འགྲུལ་ནུས་རྒྱུ་ཁག་9ཡོད་པར་མ་འཇོག་སྒོར་དུང་ཕྱུར་0.33གཏོང་རྩིས་ཡོད་པ།སྐྱེ་ཁམས་འཛུགས་སྐྱོང་རིགས་ཀྱི་རྣམ་གྲངས་ཁག་3ཡོད་པར་མ་འཇོག་སྒོར་དུང་ཕྱུར་0.13གཏོང་རྩིས་ཡོད་པ།སྤྱི་ཚོགས་མ་འཇོག་རྣམ་གྲངས་ཁག་3ཡོད་པར་མ་འཇོག་སྒོར་དུང་ཕྱུར་11.22གཏོང་རྩིས་ཡོད་པ་རེད།མཐུད་འཛུགས་རྣམ་གྲངས་ཁག་22ཡོད་པ་དང་གསར་འཛུགས་རྣམ་གྲངས་ཁག་60ཡོད་པ། བསྐྱར་འཛུགས་རྣམ་གྲངས་ཁག་37བཅས་ཡོད་པ་རེད།

སྣེ་གདོང་ཆུས་ཀྱིས་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གོང་འཕེལ་དང་གཙང་པོའི་བྱང་རྒྱུད་ཀྱི་ཕྱོགས་བསྡུས་གསར་སྤེལ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཅོས།གྲོང་ཁྱེར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན།སྲོལ་རྒྱུན་གྲོང་ཚོ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུ།རྒྱུགས་ཁུལ་ཕྱོགས་བསྡུས་གསར་སྤེལ།ཐོན་ལས་ལྡབ་འཕར་བཅས་གཞིར་བཟུང་།དུས་ཐོག་ཏུ་མ་འཇོག་ཁག་གཅིག་གི་སྣེ་འཁྲིད་དང་།ཕན་འབྲས།ནུས་པ་བཅས་ལྡན་པའི་རྣམ་གྲངས་ཆེ་གྲས་ལ་སྙོམས་སྒྲིག་དང་ཁ་གསབ་བྱས་པ་རེད། སྣེ་གདོང་དང་རྩེད་ཐང་།བྱ་ས་བཅས་གསུམ་གྱི་དུས་ཁག་དང་པོའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཅོས་ལེགས་གྲུབ་ཟིན་པ་དང་།སྣེ་གདོང་ཆུས་ཀྱི་གྲོང་ཁུལ་རྙིང་པའི་གྲོང་དཀྱིལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུ།རྩེད་ཐང་གི་ལྟེ་བའི་གྲོང་ཁུལ་གྱི་ཤ་འོད་འགོག་པའི་ལས་གྲྭ།ཀླུ་ཆུང་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་ཟམ་ཆེན།གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་གི་འཛུགས་སྐྲུན་རྣམ་གྲངས།བྱ་སའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཅོས་སོགས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ། ལྷ་སའི་གྲོང་ཁྱེར་མ་འཇོག་ཀུང་སི་དང་འབྲེལ་གཏུག་བྱས་ནས་གྲོང་ཁྱེར་ཚོང་ལས་ཐང་ཆེན་བསྐྲུན་རྒྱུ།བོད་སྐྱོར་རྣམ་གྲངས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མཐུན་སྦྱོར་དོན་འཁྱོལ་ལས་དོན་ཡག་པོ་སྤེལ་རྒྱུ་དང་།ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་གཞོགས་འདེགས།ཚན་རིག་དང་སློབ་གསོ།རིག་གནས།འཕྲོད་བསྟེན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལག་བསྟར།སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན།ལས་ཞུགས་ཞབས་ཞུ།གྲོང་མིའི་སྡོད་ཁང་།རིག་གནས་སོགས་ཀྱི་སྤྱི་ཚོགས་བྱ་གཞག་ཁག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་པ་
རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ ཆེད་དོན་སློབ་སྦྱོང་བྱས་པ།
གནད་སྨིན་དབུལ་སྐྱོར་ གནད་སྨིན་དབུལ་སྒྲོལ་
འདི་ལོ་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་ 54.28ལེགས་གྲུབ་ཟིན་པ་བྱ་རྩིས་ཡོད་པ།
དབུལ་སྒྲོལ་འགག་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ནས་