第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年3月19日 星期
下一篇 4 放大 缩小 默认
གྲ་མ་ལུང་གྲོང་ཚོས་ཡུལ་སྐོར་འཕེལ་རྒྱས་བཏང་ནས།
དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་པ་
 

དྲོ་སྐྱིད་ལྡན་པའི་ཉི་འོད་ཤེལ་ལྟར་སྔོ་བའི་ཡར་འབྲོག་གཡུ་མཚོའི་ངོས་སུ་འཕྲོ་སྐབས།ཀུའེ་ཀྲོའུ་ནས་སླེབས་པའི་ཞའོ་དབྱང་དང་བཟའ་ཟླས་མཚོ་ངོགས་སུ་གཉེན་སྒྲིག་པར་རྒྱག་བཞིན་མཆིས།

“ཕ་ཡུལ་གྱི་མཛེས་ལྗོངས་ལ་ཐེངས་མང་བལྟས་ཟིན་པས་ལྟ་འདོད་མི་འདུགཡར་འབྲོག་གཡུ་མཚོ་ཧ་ཅང་མཛེས་པོ་ཡོད་པ་སྔ་ས་ནས་ཐོས་མྱོང་བས་འདི་གར་མི་ཚེའི་ཆེས་གལ་ཆེ་བའི་སྐད་ཅིག་ཉིད་པར་ལེན་རྒྱུའི་འཆར་གཞི་བཀོད་པ་ཡིན”ཞེས་སྐུ་ཞབས་དབྱང་ལགས་ཉིན་འགའི་གོང་ཀུའེ་ཀྲོའུ་ནས་ལྷ་སར་བསྐྱོད་པ་དང་པར་རྒྱག་ཚོགས་པ་དང་མཉམ་དུ་རླངས་འཁོར་ལ་བསྡད་དེ་ཡར་འབྲོག་གཡུ་མཚོར་བསྐྱོད་པ་ཞིག་རེད།མཁྱེན་ལྡན་མ་ཁྲེན་ལགས་ཀྱིས“ང་ཚོའི་ཀུང་སིས་ལྷ་སར་ཆེད་མངགས་བོད་ཀྱི་པར་རྒྱག་ལས་སྒོ་སྣ་ཚོགས་མཁོ་འདོན་བྱེད་ཀྱི་ཡོད”ཅེས་བརྗོད།ཁོང་ནི་ལྷ་སའི་གཉེན་སྒྲིག་པར་རྒྱག་ཁང་ཞིག་གི་མཛེས་འཆོས་མཁན་ཞིག་རེད།ཁོང་གིས“ཉེ་བའི་ལོ་ཤས་ནང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་བསྟུན་ནས་མི་དེ་བས་མང་བ་བོད་དུ་ཡོང་བའི་འདུན་པ་སྐོང་ཐུབ་པ་མ་ཟད།ཡར་འབྲོག་གཡུ་མཚོའང་ངོ་མཚར་དོན་གཉེར་དང་ཁྱད་ཆོས་དོན་གཉེར་བྱེད་པའི་བཟའ་ཚང་གསར་པ་ཚོ་གཉེན་སྒྲིག་གི་པར་རྒྱག་སའི་གདམ་ཀ་ཐོག་མ་དེར་གྱུར་པ་དང་ང་ཚོའི་ཚོང་ཡང་ཇེ་ལེགས་སུ་འགྲོ་བཞིན་འདུག”ཅེས་ངོ་སྤྲོད་བྱས།

ཡར་འབྲོག་གཡུ་མཚོའི་རྡོ་རིང་གི་མདུན་དུ་ལྷག་བཟང་གིས་རང་ཁྱིམ་གྱི་གཡག་ཁྲིད་དེ་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་ཡོད་པ་དང་ཡར་འབྲོག་གཡུ་མཚོའི་འགྲམ་དུ་གཡག་བཞོན་ཏེ་པར་རྒྱག་ཐེངས་རེར་སྒོར་20ལེན་གྱི་ཡོད།དབྱར་ཁ་ཡུལ་སྐོར་བ་མང་བའི་དུས་སུ་ཉིན་ལྟར་པར་རྒྱག་མཁན་བརྒྱ་ལྷག་ཙམ་ཡོད་པས་ཡོང་འབབ་མང་པོ་ཡོད་པ་དང་དགུན་དུས་ཡུལ་སྐོར་བ་ཉུང་དུས་སུའང་ཉིན་ལྟར་བཅུ་ལྷག་ཙམ་ཡོད།

“དེ་སྔ་གྲོང་མི་ཚོར་ཡོང་འབབ་གང་ཡང་མེད་པས་གློག་ཀྱང་སྤྱོད་མི་ཕོད་པར་ལྕི་བ་བསྲེགས་ནས་དྲོད་ལེན་གྱི་ཡོད” གྲ་མ་ལུང་གྲོང་ཚོར་ས་བབ་མཐོ་ཚད་སྨི་4500ཡོད་པ་དང་དེ་སྔ་གཙོ་བོ་ནས་དང་པད་ཁ་འདེབས་པ་དང་འབྲོག་ལས་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད།འདི་ལོ་ལོ་52ལ་སོན་པའི་གྲ་མ་ལུང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཉི་མ་བསམ་གྲུབ་ཀྱིས་གྲོང་ཚོའི་འཕོ་འགྱུར་གྱི་དཔང་པོ་བྱེད་ཐུབ།ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཆེད།ས་གནས་དེ་གའི་སྲིད་གཞུང་གིས་འགྲོ་ལམ་བཟོས་པས་ཡུལ་སྐོར་བ་ཉིན་རེ་བཞིན་ཇེ་མང་དུ་སོང་ཡོད།ན་ནིང་ས་གནས་དེ་གའི་སྲིད་གཞུང་གིས་གམ་པ་ལ་ཡུལ་སྐོར་ཁུལ་གསར་སྤེལ་བྱས་ནས་ཡུལ་སྐོར་ཀུང་སིར་གཅིག་གྱུར་དོ་དམ་བྱ་རྒྱུར་འགན་གཙང་སྤྲད་པ་དང་ལོ་ལྟར་གྲོང་མི་ཚོར་ཡོང་འབབ་བགོ་བཤའ་རྒྱག་གི་ཡོད།

རི་སྐེད་དུ་ཡོད་པའི་འཛོམས་པའི་ཁྱིམ་དུ་སླེབས་སྐབས་གཙང་སྦྲ་དོད་ལ་གྲལ་སྒྲིག་པའི་སྒོ་ར་དང་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་མིག་མདུན་དུ་འཆར་བྱུང་།ཁྱིམ་གྱི་བརྙན་འཕྲིན་འཇོག་སར་ཕྱེ་མར་དང་ཁ་ཟས་དང་ཤིང་འབྲས་སྣ་ཚོགས་བསྒྲིགས་འདུགལོ་ལྔ་བཅུ་ལྷག་ཙམ་ལ་སོན་པའི་འཛོམས་པ་ཐང་ཤ་དོད་པ་དང་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་བཞིན་འདུག

ཁོང་གི་ཁྱིམ་ལ་ས་ཞིང་མུའུ་14ཡོད་པར་གཙོ་བོ་ནས་དང་པད་ཁ་འདེབས་ཀྱི་ཡོད།དབྱར་དུས་ཡུལ་སྐོར་ལས་རིགས་གཉེར་བ་དང་དགུན་དུས་ཁྱིམ་གྱི་འབྲི་གཡག་17དེ་དག་འཚོ་གི་ཡོད་པས་འབྲུ་རིགས་ཀྱི་ཁ་གསབ་དང་རྩྭ་ཐང་གི་ཁ་གསབ་བསྣན་ཚེ་ན་ནིང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3.5བྱུང་ཡོད།སློབ་ཆེན་དུ་མཐར་ཕྱིན་པའི་ཕྲུ་གུ་གཉིས་གཞུང་ལས་པར་ཚུད་ནས་ད་ཆ་འཚོ་བ་ཧ་ཅང་ཡག་པོ་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་པ་
རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ ཆེད་དོན་སློབ་སྦྱོང་བྱས་པ།
གནད་སྨིན་དབུལ་སྐྱོར་ གནད་སྨིན་དབུལ་སྒྲོལ་
འདི་ལོ་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་ 54.28ལེགས་གྲུབ་ཟིན་པ་བྱ་རྩིས་ཡོད་པ།
དབུལ་སྒྲོལ་འགག་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ནས་