第04版:国际国内 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ཉེ་བའི་ལོ་ལྔའི་ནང་རང་རྒྱལ་དུ་ཁེ་ལས་ གསར་པ་ཁྲི་2161ལྷག་བཙུགས་པ།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་གྲབས་འཛུགས་སྟོབས་ཤུགས་འཛུགས་རྒྱུ་ཡིན་པ།
མེ་ལོང་
སྐབས་23པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ ཧན་གོའི་ཕིང་ཁྲང་དུ་འགོ་ཚུགས་པ།
བོད་རང་སྐྱོང་ལྗོངས་ཀྱིས་བུད་མེད་ཀྱི་དབུལ་སྒྲོལ་ འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ་(མི་སྒེར) ལ་གཟེངས་བསྟོད་བྱས་པ།
དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་མཐོ་རླབས་འཕྱུར་གྲབས་ཡོད་པ།
འདི་ལོར་ལྷ་ས་གྲོང་ཁྱེར་གྱིས་ལས་ཞུགས་ མི་སྣ་ཁྲི1.2གསར་སྣོན་བྱ་རྒྱུ་རེད།
| 山南网首页 |
2018年2月12日 星期
3 上一篇  下一篇 4 放大 缩小 默认
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་གྲབས་འཛུགས་སྟོབས་ཤུགས་འཛུགས་རྒྱུ་ཡིན་པ།
 
མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་རེ་ནེ་ཝར་གོ་ལ་ཧྲིལ་པོའི་ཐོལ་བྱུང་གི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་ཆེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་50ཞུགས་པའི་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་འཕྲལ་སྡོམ་གྲབས་འཛུགས་སྟོབས་ཤུགས་ཤིག་འཛུགས་རྩིས་ཡོད། དེའི་ནང་འཕྲོད་བསྟེན་ལས་དོན་པ་སྟོང་ཕྲག་ཡོད་པས་དགོས་ངེས་སྐབས་སུ་རྩ་འཛུགས་དེས་མཐུན་སྦྱོར་ངང་བཀོད་གཏོང་བྱ་རྒྱུ་ཡིན་ཞེས་བཤད།

ཐན་ཏེ་སའེ་ཡིས་ཉིན་དེར་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཁོང་གིས་འགན་བཞེས་ནས་ཟླ་7སོང་རིང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་ཀའི་གཙོ་གནད་ལ་ཕྱོགས་སྡོམ་བྱས་པ་དང་དེའི་ནང་འཕྲོད་བསྟེན་འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་གཙོ་གནད་གླེང་ཡོད། དོན་རྐྱེན་དེའི་ཆེད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“བདེ་ཐང་གི་བདེ་འཇགས་ལས་འཛིན་ལྷན་ཚོགས”བཙུགས་ཏེ་གཟའ་འཁོར་གཉིས་རེར་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་གྲོས་བསྡུར་ཐེངས་གཅིག་བྱ་རྒྱུ་དང་འབྲེལ། ཆེད་མི་མངགས་ནས་ཉིན་ལྟར་སྤྱི་ཁྱབ་ལས་འཛིན་པར་གོ་ལ་ཧྲིལ་པོར་ཐོན་དང་ཐོན་བཞིན་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དོན་རྐྱེན་གྱི་འཕེལ་ཚུལ་སྙན་སེང་ཡང་ཞུ་གི་ཡོད།

གཞན་ཡང་ལས་དོན་པ་མངགས་གཏོང་བྱེད་པ་ཕུད། ད་དུང་རྒྱལ་ཁབ་50དེ་དག་གིས་དགོས་ངེས་ཀྱི་འགྲོ་གྲོན་དང་། སྒྲིག་ཆས། སྐྱེལ་འདྲེན་བཅས་དང་དེ་བཞིན་མཁོ་སྒྲུབ་འགན་ལེན་སོགས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་རེད། ཐན་ཏེ་སའེ་ཡིས་མི་སྣ་དང་མཁོ་ཆས་ཚང་མ་རྒྱལ་ཁབ་སོ་སོར་ཁ་ཐོར་དུ་གྲབས་འཛུགས་བྱས་ཏེ་གོ་ལ་ཧྲིལ་པོའི་ཐོལ་བྱུང་གི་འཕྲོད་བསྟེན་དོན་རྐྱེན་ཐོན་སྐབས་གྲོས་བསྡུར་བྱས་རྗེས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཐུན་སྦྱོར་བྱས་ནས་བཀོད་གཏོང་བྱ་རྒྱུ་རེད་ཅེས་ནན་བཤད་བྱས།

རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་ལ་དཔེ་བཞག་ན། མིག་སྔར་ཀྲུང་གོ་དང་། ཨུ་རུ་སུ། འཇར་མན། དབྱིན་ཇི་སོགས་རྒྱལ་ཁབ་10ཡི་སྨན་བཅོས་རུ་ཁག་13ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ར་སྤྲོད་ཐུབ་ཡོད། དེའི་ནང་ཧྲང་ཧའེ་དང་ཀོང་ཏུང་དུ་ཡོད་པའི་ཀྲུང་གོའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་གཉིས་ཀྱིས་དུས་ནམ་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཀྲུང་གོ་སྲིད་གཞུང་གི་མངགས་གཏོང་དང་ལེན་བྱས་ནས་རྒྱལ་སྤྱིའི་སྨན་བཅོས་རོགས་སྐྱོབ་ཀྱི་ལས་འགན་ལ་ཞུགས་པ་དང་དྲང་སྙོམས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཏེ་འགན་སེམས་ཆེ་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོའི་འགན་འཁྲི་དང་ནུས་པ་ངོམ་རྒྱུ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内