第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ངེད་གྲོང་ཁྱེར་གྱིས་ལས་འཁྱུར་ལས་བྱེད་རྒན་གྲས་ཀྱི་ལོ་གསར་གྱི་མཉམ་སྤྲོ་འཚོགས་པ།
ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནས་སླར་ཡང་གཏམ་བཟང་ཞིག་གྲགས་པ་སྟེ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་མཐའ་མཚམས་གྲོང་ཚོར་བཙུགས་པ།
ཞུས་ཁྲེང་ཚང་གིས་གྲོང་ཨུད་སྐབས་དང་པོའི་རྒྱུན་ཨུད་ཚོགས་འདུ་ཐེངས་52ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་སྲོག་ཤིང་ལ་བློ་དཀར་ཡིད་རྟོན་དང་སྲུང་སྐྱོང་གོང་བཀུར་བཅས་བྱེད་དགོས་པའི་ནན་བཤད་གནང་@
བྲ་བོའི་ཟས་རིགས་ཟས་དྲགས་རྒྱུ་མེད།
འཕྲོད་བསྟེན་དང་བདེ་ཐང་
ཤོག་སྦག་སྤར་ན་ཁྲིམས་ལས་འགལ་བ་ཡིན་ནམ།
དགུ་ཐུག་གི་ཤེས་བྱ།
| 山南网首页 |
2018年2月12日 星期
3 上一篇  下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་གྲོང་ཨུད་སྐབས་དང་པོའི་རྒྱུན་ཨུད་ཚོགས་འདུ་ཐེངས་52ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་སྲོག་ཤིང་ལ་བློ་དཀར་ཡིད་རྟོན་དང་སྲུང་སྐྱོང་གོང་བཀུར་བཅས་བྱེད་དགོས་པའི་ནན་བཤད་གནང་།
 

(པར་ངོས་དང་པོར་མཐུད) ཞུས་ཁྲེང་ཚང་གིས། རྩ་ཁྲིམས་དག་བཅོས་ཀྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་ཡག་པོ་བྱེད་དགོས་པ་སྟེ། 2004ལོ་ནས་རྩ་ཁྲིམས་ལ་དག་བཅོས་བྱས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཡང་གལ་ཆེའི་འཕོ་འགྱུར་མང་དག་བྱུང་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་འཛུགས་ཐུབ་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱི་ཡོངས་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་སྤེལ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་སྤེལ། ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་སྤེལ་བཅས་ཐུབ་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་སྤེལ་ཐུབ་པ་མ་ཟད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རྩ་ཁྲིམས་ལ་འོས་འཚམས་སྒོ་ནས་དག་བཅོས་རྒྱག་དགོས་པ་ནི་ཏང་དང་མི་དམངས་ཀྱིས་ལག་ལེན་དངོས་ཁྲོད་གལ་ཆེའི་རིགས་གཞུང་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་རྩ་ཁྲིམས་ཀྱི་གཏན་འབེབས་སུ་གྲུབ་ཡོད་པ་རེད། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་ལམ་ལུགས་དང་ཁྲིམས་ལུགས་ཁྲིམས་སྲོལ་ཁག་གི་གཞི་འཛིན་ས་དེ་ཡིན་སྟབས་རྩ་ཁྲིམས་ཀྱི་ལམ་ལུགས་གཏན་འབེབས་གལ་ཆེན་འཐུས་ཚང་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུར་གལ་ཆེའི་ནུས་པ་ལྡན་ཡོད་ཅེས་དང་། ཁོང་གིས། ཆབ་སྲིད་ཀྱི་ཚུགས་གནས་མཐོར་གཏོང་དགོས་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བཅས་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཞུས་ཁྲེང་ཚང་གིས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དགོངས་དོན་ལ་ནན་ཏན་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་ཏེ། ལྷོ་ཁའི་དོན་དངོས་ལ་གཞི་ཚུགས་ནས་ལྷོ་ཁའི་རྒྱུན་བསྲིང་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་མ་ཟད། ཁོང་གིས་འདུ་ཤེས་བཞི་འཛུགས་སྐྱོང་བརྟན་པོ་བྱས་ཐོག་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ལ་མིག་ལྟོས་ཀྱིས་ངེད་གྲོང་ཁྱེར་གྱི་འདི་ལོའི་བསྒྱུར་བཅོས་གཏིང་ཟབ་ཀྱི་གཙོ་གནད་དག་དབྱེ་ནས་འདི་ལོའི་བསྒྱུར་བཅོས་ལས་དོན་འཆར་འགོད་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་།

རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་རྒྱུའི་ཐད། ཞུས་ཁྲེང་ཚང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པས་ཐོབ་པའི་གྲུབ་འབྲས་ལ་རྒྱུས་མངའ་གཏིང་ཟབ་བརྒྱུད་འདི་ནི་ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་མི་འདྲ་བའི་མི་རིགས་ཁག་གི་མི་དམངས་ཚོའི་འཇུངས་མེད་རོགས་སྐྱོར་ལས་བྱུང་བར་ངོས་འཛིན་གསལ་པོ་དགོས་པ་དང་། འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་དམིགས་ཚད་དང་2018ལོའི་ལས་དོན་བཀོད་སྒྲིག་ཁག་ལ་གོ་བ་གཏིང་ཟབ་བླངས་ཏེ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་བཏོན་པའི་ལས་གཞི་ཆེ་ཁག་བཅུ་དང་2018ལོའི་ལས་དོན་བཀོད་སྒྲིག་གཞིར་བཟུང་རང་ངོས་ཀྱི་ལས་ཀར་བཀོད་སྒྲིག་དང་རང་འགུལ་འཆར་འགོད་ཀྱིས་མ་འོངས་ཀྱི་ཕུགས་འདུན་བཟང་པོ་མངོན་འགྱུར་ཆེད་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་བཅངས་དགོས་པའི་ནན་བཤད་གནང་།

ལྗོངས་ཏང་ཨུད་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏིང་ཡས་ཤན་གྱིས་ཏང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་སྒོས་ལྷོ་ཁའི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་སྐུལ་སྤེལ་སྐོར་གྱི་གནས་ཚུལ་སྙན་ཞུའི་མཆད་འགོད་མཛུབ་སྟོན་དེ་ནི་ངེད་གྲོང་ཁྱེར་གྱི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་་འཇོག་གང་ལེགས་གནང་བ་ཞིག་ཡིན་ལ་རྗེས་མའི་ལས་དོན་ཐད་གནང་བའི་ཐུགས་རེ་ཆེན་པོ་ཞིག་ཀྱང་ཡིན་པས། ཞུས་ཁྲེང་ཚང་གིས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་དང་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་ཚོས་ཆབ་སྲིད་འདུ་ཤེས་དང་། སྤྱི་ཡོངས་འདུ་ཤེས། སྲོག་ཤིང་འདུ་ཤེས། མིག་ལྟོས་འདུ་ཤེས་བཅས་འཛུགས་སྐྱོང་བརྟན་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། དབུལ་སྒྲོལ་འགག་སྒྲོལ། དམངས་འཚོ་ལེགས་བཅོས། ཏང་འཛུགས་སྐྱོང་སོགས་ལས་དོན་ཁག་དམ་འཛིན་ཡག་པོས་ལྷོ་ཁའི་བྱ་གཞག་ཁག་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་འབད་འཐབ་ལྷོད་མེད་བྱ་དགོས་པའི་ནན་བཤད་གནང་།

ཚོགས་འདུར་ད་དུང་གྲོང་ཁྱེར་འགོ་ཁྲིད་ཁྲེན་ཧའེ་ཆིང་དང་། དཀོན་མཆོག་རྡོ་རྗེ། བཀྲ་ཤིས། ཧྲེན་པའེ་ཚུན། གཡུས་ཁྲང་། རྨུའུ་ཡུང་ཝེན། མཁས་གྲུབ། ཕུར་བུ་རྡོ་རྗེ། བསོད་ནམས་བཀྲ་ཤིས་བཅས་ཞུགས་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
ངེད་གྲོང་ཁྱེར་གྱིས་ལས་འཁྱུར་ལས་བྱེད་རྒན་གྲས་ཀྱི་ལོ་གསར་གྱི་མཉམ་སྤྲོ་འཚོགས་པ།
ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནས་སླར་ཡང་གཏམ་བཟང་ཞིག་གྲགས་པ་སྟེ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་མཐའ་མཚམས་གྲོང་ཚོར་བཙུགས་པ།
ཞུས་ཁྲེང་ཚང་གིས་གྲོང་ཨུད་སྐབས་དང་པོའི་རྒྱུན་ཨུད་ཚོགས་འདུ་ཐེངས་52ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་སྲོག་ཤིང་ལ་བློ་དཀར་ཡིད་རྟོན་དང་སྲུང་སྐྱོང་གོང་བཀུར་བཅས་བྱེད་དགོས་པའི་ནན་བཤད་གནང་@
བྲ་བོའི་ཟས་རིགས་ཟས་དྲགས་རྒྱུ་མེད།
འཕྲོད་བསྟེན་དང་བདེ་ཐང་
ཤོག་སྦག་སྤར་ན་ཁྲིམས་ལས་འགལ་བ་ཡིན་ནམ།
དགུ་ཐུག་གི་ཤེས་བྱ།