第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ངེད་གྲོང་ཁྱེར་གྱིས་ལས་འཁྱུར་ལས་བྱེད་རྒན་གྲས་ཀྱི་ལོ་གསར་གྱི་མཉམ་སྤྲོ་འཚོགས་པ།
ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནས་སླར་ཡང་གཏམ་བཟང་ཞིག་གྲགས་པ་སྟེ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་མཐའ་མཚམས་གྲོང་ཚོར་བཙུགས་པ།
ཞུས་ཁྲེང་ཚང་གིས་གྲོང་ཨུད་སྐབས་དང་པོའི་རྒྱུན་ཨུད་ཚོགས་འདུ་ཐེངས་52ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་སྲོག་ཤིང་ལ་བློ་དཀར་ཡིད་རྟོན་དང་སྲུང་སྐྱོང་གོང་བཀུར་བཅས་བྱེད་དགོས་པའི་ནན་བཤད་གནང་@
བྲ་བོའི་ཟས་རིགས་ཟས་དྲགས་རྒྱུ་མེད།
འཕྲོད་བསྟེན་དང་བདེ་ཐང་
ཤོག་སྦག་སྤར་ན་ཁྲིམས་ལས་འགལ་བ་ཡིན་ནམ།
དགུ་ཐུག་གི་ཤེས་བྱ།
| 山南网首页 |
2018年2月12日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་ལས་འཁྱུར་ལས་བྱེད་རྒན་གྲས་ཀྱི་ལོ་གསར་གྱི་མཉམ་སྤྲོ་འཚོགས་པ།
 

(པར་ངོས་དང་པོར་མཐུད) ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་གི་མཛུབ་སྟོན་བསམ་བློ་གཏན་འཁེལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་རྗེས་སོར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད།ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེའི་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་བསྐུར་གནང་མཛད་པའི་ཡིག་ལན་འབྱོར་བ་དང་།མི་རིགས་ཁག་གི་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་མ་ཟད་མཐའ་མཚམས་བརྟན་སྲུང་དང་འཕེལ་རྒྱས་ཡག་པོ།འཛུགས་སྐྲུན་ཡག་པོ་བྱེད་པའི་ཧུར་སེམས་དེ་བས་ཇེ་ཆེར་སོང་ཡོད་པ་རེད་ཅེས་གསུངས།

ཞུས་ཁྲེང་ཚང་གིས་རྒྱ་ཆེའི་ལས་འཁྱུར་ལས་བྲལ་ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས་ནི་ཏང་དང་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན་པ་དང་།ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་བྱེད་རྒན་གྲས་ཀྱི་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྔར་བས་ཆབ་སྲིད་ཐད་བརྩི་འཇོག་དང་།བསམ་བློའི་ཐད་དོ་ཁུར།འཚོ་བའི་ཐད་ལྟ་རྟོག་བཅས་བྱས་ཐོག་ཚང་མར་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་ཀྱང་སྨན་བཅོས་ཡོད་པ།རྒས་དུས་བསླབ་རྒྱུ་ཡོད་པ།རྒས་ཀྱང་བདེ་སྐྱིད་ཡོད་པ།རྒས་ཀྱང་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས་ཞེས་དང་།ཁྱེད་ཚོས་མུ་མཐུད་ཆབ་སྲིད་ཤོད་པ་དང་།སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་ལས་གནས་ལས་བྲལ་བྱས་རུང་ཏང་ལས་མི་བྲལ་བ་དང་།ཐོག་མཐའ་བར་གསུམ་དུ་སྲོག་ཤིང་གི་སྣེ་ཁྲིད་པ་དང་། ཏང་གི་བྱ་གཞག་འཛུགས་སྐྲུན་བྱེད་མཁན།ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་པ་བཅས་བྱེད་དགོས་པའི་ཐུགས་རེ་གནང་།

ཞུས་ཁྲེང་ཚང་གིས་རྒྱ་ཆེའི་ལས་འཁྱུར་ལས་བྲལ་ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་།དགོངས་པ་དེའི་གལ་ཆེའི་ཆབ་སྲིད་དོན་སྙིང་དང་རིགས་གཞུང་དོན་སྙིང་།ལག་ལེན་དོན་སྙིང་བཅས་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་།ཆབ་སྲིད་ལ་སྣང་ཆེན་གྱིས་མཐའ་གཅིག་ཏུ་སྲོག་ཤིང་ལ་གོང་བཀུར་དང་ཡིད་ཆེས།ལྷག་བསམ་རྣམ་དག་དང་སྲུང་སྐྱོབ་བཅས་བྱེད་དགོས།ནུས་ཤུགས་ལྷག་མ་སྐྱེས་སུ་འབུལ་ཏེ་མུ་མཐུད་ལྷོ་ཁའི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་ཐབས་འདོན་ཇུས་འབུལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ངོ་།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
ངེད་གྲོང་ཁྱེར་གྱིས་ལས་འཁྱུར་ལས་བྱེད་རྒན་གྲས་ཀྱི་ལོ་གསར་གྱི་མཉམ་སྤྲོ་འཚོགས་པ།
ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནས་སླར་ཡང་གཏམ་བཟང་ཞིག་གྲགས་པ་སྟེ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་མཐའ་མཚམས་གྲོང་ཚོར་བཙུགས་པ།
ཞུས་ཁྲེང་ཚང་གིས་གྲོང་ཨུད་སྐབས་དང་པོའི་རྒྱུན་ཨུད་ཚོགས་འདུ་ཐེངས་52ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་སྲོག་ཤིང་ལ་བློ་དཀར་ཡིད་རྟོན་དང་སྲུང་སྐྱོང་གོང་བཀུར་བཅས་བྱེད་དགོས་པའི་ནན་བཤད་གནང་@
བྲ་བོའི་ཟས་རིགས་ཟས་དྲགས་རྒྱུ་མེད།
འཕྲོད་བསྟེན་དང་བདེ་ཐང་
ཤོག་སྦག་སྤར་ན་ཁྲིམས་ལས་འགལ་བ་ཡིན་ནམ།
དགུ་ཐུག་གི་ཤེས་བྱ།