第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
རྣམ་པ་ལྔའི་གཞི་རིམ་ཏང་རྩ་འཛུགས་ནུས་ཤུགས་ཡོད་རྒུས་བཙུགས་པ།
ཁྱིམ་ཚང་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
ཧུའུ་ནན་ཞིང་ཆེན་གྱིས་ཚོགས་སྤྱིའི་རྣམ་པ་རང་བཞིན་གྱི་སློབ་གསོའི་བོད་སྐྱོར་སྐབས་བརྗེའི་དགེ་རྒན་གྱི་གསོ་སྦྱོང་ཚོགས་འདུ་འཚོགས་པ།
ལས་མིར་ཁེ་གཙང་བགོ་འགྲེམས་བརྒྱབ་པ།
བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།
ངེད་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གིས་ཁང་དེའི་ སློབ་ཆེན་སློབ་མ་དང་བཞུགས་མོལ་འཚོགས་པ།
| 山南网首页 |
2018年2月12日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས།
རྣམ་པ་ལྔའི་གཞི་རིམ་ཏང་རྩ་འཛུགས་ནུས་ཤུགས་ཡོད་རྒུས་བཙུགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ངེད་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་ཡོན་ལ་དུས་ཡུན་ཟླ་1གི་བསམ་བློའི་སློབ་གསོའི་བྱེད་སྒོ་གཅིག་སྡུད་སྤེལ་ཏེ།ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་དང་ཏང་ཡོན་གྱི་ཕུགས་བསམ་དད་སེམས་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ཏན་ཏིག་བྱས་ནས་སློབ་སྦྱོང་གི་རྣམ་པ་དང་།གསར་གཏོད་ཀྱི་རྣམ་པ།ཞབས་ཞུའི་རྣམ་པ།སྣེ་ཁྲིད་ཀྱི་རྣམ་པ།དམག་འཐབ་ཀྱི་རྣམ་པ་བཅས“རྣམ་པ་ལྔའི”གཞི་རིམ་ཏང་རྩ་འཛུགས་ནུས་ཤུགས་ཡོད་རྒུས་བཙུགས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

གནད་དོན་ལ་དམིགས་ཏེ་དོན་དངོས་གནས་ཚུལ་རྟོག་ཞིབ་བྱས་ཤིང་།བརྟག་དཔྱད་ཞིབ་འཇུག་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་འབྲེལ་གཏུག་ས་ཚིགས་སུ་ཧུར་ཐག་བསྐྱོད་དེ་ཞིང་འབྲོག་པ་ཏང་ཡོན་གྱི་བསམ་བློའི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་དང་།གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རྩ་འཛུགས་སྡེ་ཚན་གྱིས་རྒྱུན་གཏན་གྱི་གནས་ཚུལ་རྒྱུས་ལོན་དང་བརྟག་ཞིབ་གནས་ཚུལ་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་པ་ཏང་ཡོན་གྱི་བསམ་བློའི་འགྱུར་ལྡོག་ལ་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་པ་རེད།

འགོ་ཁྲིད་སྒྲིག་འཛུགས་བྱས་ནས་བྱ་ཐབས་དངོས་བཏོན་ཅིང་།འགོ་ཁྲིད་སྒྲིག་འཛུགས་མཐའ་འཁྱོངས་བྱ་རྒྱུ་དེ་བསམ་བློའི་སློབ་གསོའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་མ་གཏོང་བའི་འགན་ལེན་ནུས་ལྡན་ཞིག་ཏུ་བརྩི་བ་དང་།གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱ་རྒྱུ་ཁ་ཤོ་གཏོད་སར་བྱེད་པ།བསམ་བློའི་སློབ་གསོ་དེ་རྒྱུན་གཏན་གྱི་ལག་ལེན་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་ཤུགས་རྒྱག་སར་བྱེད་པ།གཅིག་སྡུད་སློབ་སྦྱོང་དང་།ཞིབ་བསྡུར་སྐྱོན་བཤེར།དམངས་གཙོའི་དཔྱད་མོལ།དཔྱད་ཞིབ་རྩིས་ལེན་བཅས་འདེགས་སྐྱོར་བྱ་ཡུལ་དུ་བྱེད་པ་བཅས་ཀྱིས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་།“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གིས་སྤྱི་འདོམས་འགན་འཁུར་བ།ཤང(གྲོང་རྡལ)ཁག་གིས་ཞིབ་ཕྲའི་ལག་ལེན་བསྟར་བ།གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཁག་གིས་ཐད་ཀར་དོན་འཁྱོལ་བཅས་ཀྱི་འགན་འཁྲིའི་མ་ལག་ཅིག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས།རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཆགས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་དོན་འཁྱོལ་དང་།གནོན་ཤུགས་བརྒྱུད་སྤེལ་དོན་འཁྱོལ།བྱ་ཐབས་གནས་སར་དོན་འཁྱོལ་བཅས་བྱུང་ཡོད།

ཕྱོགས་མང་ལ་དམ་འཛིན་བྱས་ནས་བྱ་ཐབས་དངོས་བཏོན་ཅིང་།ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་པོ་ཤེས་པ་དང་།མཐར་ཕྱིན་པ་ཤེས་པ།དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་མཐའ་འཁྱོངས་བྱས་ནས་གཅིག་སྡུད་སློབ་སྦྱོང་ཕྱོགས་སྟོན་དུ་བྱས་ཏེ་གྲོང་སྡོད་ལས་དོན་རུ་ཁག་དང་།ཧྲུའུ་ཅི་དང་པོ།སློབ་ཆེན་ཐོན་པའི་གྲོང་དཔོན་བཅས་ཀྱིས་ནུས་པ་གང་ལེགས་བཏོན་ནས།མྱོང་ཚོར་གླེང་བ་དང་།ངོས་འཛིན་ཤོད་པ།སྐད་གཉིས་རྣམ་པའི་འཁྱེར་བདེའི་སློབ་སྦྱོང་གཱ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད།ཞིང་འབྲོག་པ་ཏང་ཡོན་ཚོར“འདུ་ཤེས་བཞི”བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་བ་དང་།ཞིབ་བསྡུར་སྐྱོན་བཤེར་གཞིར་བཟུང་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་དང་ཞིང་འབྲོག་པའི་ཏང་ཡོན་ཚོས་རང་རྟོགས་ངང་ཚད་གཞིར་མིག་ལྟོས་བྱ་རྒྱུའི་སྣེ་ཁྲིད་པ།དམངས་གཙོའི་དཔྱད་མོལ་ལྟེ་བར་བྱས་ནས་མི་སྒེར་གྱི་དཔྱད་བསྡུར་དང་།ཏང་ཡོན་ཕན་ཚུན་དཔྱད་བསྡུར།དམངས་གཙོའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་སོགས་ཀྱི་བྱ་ཐབས་བརྒྱུད་དེ་བྱ་སྤྱོད་ཀྱི་ཚད་གཞི་ཁ་གསལ་བཟོ་བ་དང་བྱ་སྤྱོད་ཚད་ལྡན་ཡོང་བ།དཔྱད་ཞིབ་རྩིས་ལེན་ཚད་གཞིར་བྱས་ནས་ཏང་ཡོན་ཁྲི་1.7དང་ཏང་ཡོན་ཁྲི་1.3ལ་ཡིག་རྒྱུགས་དང་ངག་ཐོག་རྒྱུགས་ལེན་བྱས་པས་རྒྱུགས་ལོན་ཚད་བརྒྱ་ཆ་98.5ཡན་ཟིན་ཡོད་པ་རེད།

(ཡེ་ཤེས་བཟང་མོས་ཞུས། )

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
རྣམ་པ་ལྔའི་གཞི་རིམ་ཏང་རྩ་འཛུགས་ནུས་ཤུགས་ཡོད་རྒུས་བཙུགས་པ།
ཁྱིམ་ཚང་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
ཧུའུ་ནན་ཞིང་ཆེན་གྱིས་ཚོགས་སྤྱིའི་རྣམ་པ་རང་བཞིན་གྱི་སློབ་གསོའི་བོད་སྐྱོར་སྐབས་བརྗེའི་དགེ་རྒན་གྱི་གསོ་སྦྱོང་ཚོགས་འདུ་འཚོགས་པ།
ལས་མིར་ཁེ་གཙང་བགོ་འགྲེམས་བརྒྱབ་པ།
བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།
ངེད་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གིས་ཁང་དེའི་ སློབ་ཆེན་སློབ་མ་དང་བཞུགས་མོལ་འཚོགས་པ།