第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年2月12日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་ལས་འཁྱུར་ལས་བྱེད་རྒན་གྲས་ཀྱི་ལོ་གསར་གྱི་མཉམ་སྤྲོ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།དཔྱིད་གསར་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་འདིར།ངེད་གྲོང་ཁྱེར་གྱིས་རྩེད་ཐང་དུ་ཡོད་པའི་ལས་འཁྱུར་ལས་བྲལ་ལས་བྱེད་རྒན་གྲས་ཀྱི་ལོ་གསར་གྱི་མཉམ་སྤྲོ་འཚོགས་པ་དང་།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།གྲོང་ཨུད་ཧྲུའུ་ཅི་ཞུས་ཁྲེང་ཚང་།གྲོང་ཨུད་ཧྲུའུ་ཅི་གཞོན་པ།གྲོང་སྤྱི་ཕུར་བུ་དོན་གྲུབ་སོགས་གྲོང་ཁྱེར་འགོ་ཁྲིད་ཀྱིས་ལས་འཁྱུར་ལས་བྲལ་ལས་བྱེད་རྒན་གྲས་དང་ལྷན་འཛོམས་གནང་ནས་ཕན་ཚུན་རྟེན་འབྲེལ་ཞུས་པ་དང་།མཉམ་དུ་ལྷོ་ཁའི་འཕེལ་རྒྱས་གླེང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏེ་ཝུན་དང་།གྲོང་ཨུད་རྒྱུན་ཨུ།རྩ་འཛུགས་པུའུ་ཀྲང་ཀྲང་ཏིང་ཁྲེང་གིས་མཉམ་དུ་འཚམས་འདྲིར་ཞུགས་པ་རེད།

ཞུས་ཁྲེང་ཚང་གིས་གྲོང་ཨུད་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས།གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཚབ་ཞུས་ནས་ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་འཚམས་འདྲི་ཞུས་གནང་བ་དང་ཆབས་ཅིག་ཁོང་རྣམ་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་ལས་འཁྱུར་ལས་བྲལ་གྱི་བློ་མཐུན་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་ཚིག་ཞུས་གནང་བ་རེད།

ཞུས་ཁྲེང་ཚང་གིས་ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ལ་ངེད་གྲོང་ཁྱེར་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ངོ་སྤྲོད་ཞུས་གནང་བ་དང་།ཁོང་གིས།འདས་ཟིན་པའི་2017ལོ་ནི་ང་ཚོའི་ཏང་དང་རྒྱལ་ཁབ་ལོ་རྒྱུས་ཐོག་གི་གལ་ཆེའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པས།ཏང་གི་ཚོགས་ཆེན་བཅུ་དགུ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་སྐབས་གསར་པའི་ཏང་ཀྲུང་དབྱང་འགོ་ཁྲིད་ཚན་ཁག་འདེམས་བསྐོ་བྱས་ཏེ་ (པར་ངོས་གསུམ་པར་གཟིགས)

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
ངེད་གྲོང་ཁྱེར་གྱིས་ལས་འཁྱུར་ལས་བྱེད་རྒན་གྲས་ཀྱི་ལོ་གསར་གྱི་མཉམ་སྤྲོ་འཚོགས་པ།
བྱ་སྤྱོད་ངོ་མའི་ཐོག་ནས་སྲོག་ཤིང་ལ་བློ་དཀར་ཡིད་རྟོན་དང་སྲུང་སྐྱོང་གོང་བཀུར་བཅས་བྱེད་དགོས་པའི་ནན་བཤད་གནང་།
གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་མཐའ་མཚམས་གྲོང་ཚོར་བཙུགས་པ།