第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年2月5日 星期
3 上一篇  下一篇 4 放大 缩小 默认
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ།
ངེད་གྲོང་ཁྱེར་གྱི་རྫོང་ཁག་གིས་དུས་ཆེན་གོང་གི་ འཚམས་འདྲིའི་བྱེད་སྒོ་སྤེལ་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ།ངེད་གྲོང་ཁྱེར་གྱི་རྫོང་ཁག་གིས་བྱ་ཐབས་སྣ་མང་ལ་བརྟེན་ནས་དུས་ཆེན་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

ཉིན་ཤས་རིང་།གོང་དཀར་རྫོང་གི་འཚམས་འདྲིའི་ཚོ་ཆུང་ཁག་གིས་རྫོང་དེའི་ཤང་ངམ་གྲོང་རྡལ་8ཀྱི་གྲོང་ཚོའམ་ཨུ་ལྷན་36ཁག་ཏུ་བསྐྱོད་ནས་གྲོང་སྡོད་ལས་དོན་རུ་ཁག་དང་དགོན་སྡེའི་དོ་དམ་ཨུ་ལྷན།མངགས་གཏོང་ཁང་།ཞིབ་བཤེར་ས་ཚིགས།ཡར་འབྲོག་གཡུ་མཚོའི་གློག་འདོན་ས་ཚིགས་བཅས་ཀྱི་གཞི་རིམ་ལས་བྱེད་ལས་བཟོ་དང་།ཤང་ངམ་གྲོང་རྡལ་ཁག་གི་རྒན་གསུམ་མི་སྣ་དང་ཕུལ་བྱུང་ཏང་གི་འཐུས་མི།ལྔ་འགན་སྲུང་ཁྱིམ་དུད།མ་མཐའི་ཁྱིམ་དུད།དབང་པོ་སྐྱོན་ཅན་སོགས་གཞི་རིམ་མང་ཚོགས་དང་ལས་འཁྱུར་ལས་བྲལ་ལས་བྱེད་རྒན་གྲས། དཔུང་སྡེའི་དཔོན་དམག་བཅས་ལ་འཚམས་འདྲི་བྱས་པ་རེད།

འཚམས་འདྲིའི་ཚོ་ཆུང་གིས་ཚང་མར་དུས་ཆེན་གྱི་སྨོན་ཚིག་སྒྲོན་པ་དང་ཆབས་ཅིག དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ།གྲོང་གསེབ་དར་རྒྱས་འཐབ་ཇུས་སོགས་ཀྱི་དགོངས་པ་གསར་པ་དང་བྱ་ཐབས་གསར་པ་གསལ་བཤད་བརྒྱབ་པ་དང་།ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཁག་གསལ་བཤད་ཏན་ཏིག་བརྒྱབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོའི་ནང་།འབྲས་དང་སྣུམ།ཇ་སོགས་ཀྱི་དངོས་པོ་སྤྲད་པ་དང་འཚམས་འདྲིའི་དངུལ་སྒོར་962465སྤྲད་ཡོད་པ་རེད།

སྣ་དཀར་རྩེ་རྫོང་གིས་འཚམས་འདྲིའི་ཚོ་ཆུང་4བཙུགས་ནས་ལས་འཁྱུར་ལས་བྲལ་གྱི་ལས་བྱེད་རྒན་གྲས་དང་བྱིས་པའི་ཕན་བདེ་ཁང་།དཀའ་ངལ་ཡོད་པའི་ལས་བྱེད་ལས་བཟོ།རྒན་གསུམ་མི་སྣ།བཅའ་སྡོད་དཔུང་སྡེ།སྤྱི་བདེ་ཉེན་རྟོག་མི་དམངས།གྲོང་སྡོད་ལས་དོན་རུ་ཁག གྲོང་ཁྱེར་གྲོང་གསེབ་མ་མཐའི་ཁྱིམ་དུད་བཅས་ལ་དུས་ཆེན་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་དུས་ཆེན་དགའ་གཏོང་ཐུབ་ཕྱིར་འགན་ལེན་བྱས་ཡོད་པ་རེད།

ཉེ་དུས།ཟངས་རི་རྫོང་གི་འཚམས་འདྲིའི་ཚོ་ཆུང་གིས་གདན་ས་མཐིལ་དང་ཆོས་ལུང་དགོན་པ།མཁར་དམར་སྟེང་དགོན་སོགས་སུ་བསྐྱོད་ནས་དུས་ཆེན་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་།དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་དང་དགོན་སྡེའི་གྲྭ་བཙུན་ལ་ལོ་གསར་གྱི་འཚམས་འདྲི་བྱས་པ་དང་འཚམས་འདྲིའི་དངུལ་སྤྲད་པ་རེད།

བདེ་སྐྱིད་དཔལ་སྒྲོན་གྱིས་བསྒྱུར།

ལོ་གསར་གྱི་འཚམས་འདྲི།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:两会专版
གཡན་ཧུང་གིས་ལྷོ་ཁའི་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་གསར་
སློབ་གསོར་དམ་འཛིན་གྱིས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
ངེད་གྲོང་ཁྱེར་གྱི་རྫོང་ཁག་གིས་དུས་ཆེན་གོང་གི་ འཚམས་འདྲིའི་བྱེད་སྒོ་སྤེལ་བ།
ཐོན་ལས་དབུལ་སྐྱོར་དངུལ་བུན་སྒོར་ཁྲི་986བཏང་བ།