ལས་སྟེགས་བཏོད་ནས་ནུས་ཤུགས་ཡོད་མཁན་ལ་ལས་ཀ་ཡོད་པར་བྱས་པ།
2017ལོར། ལས་ཞུགས་ལས་གཏོད་ཀྱི་ཚ་རླབས་དྲག་པོ་ཡར་ཀླུང་ས་གཞི་ཆེ་མོའི་ཐོག་འཕྱུར་ནས་ངེད་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ལས་ཞུགས་ཀྱི་དམངས་ཕན་འགྲོ་ལམ་ཤར་གཏོང་བྱས་ཏེ་ལས་ཞུགས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་ཏན་ཏིག་སྤེལ་ནས་གཉིས་གཏོད་ཀྱི་འདུ་འགོད་དོན་འཁྱོལ་ལ་དམ་འཛིན་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་འགན་ལེན་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱས་པ་རེད།
ལོ་གཅིག་རིང་ངེད་གྲོང་ཁྱེར་གྱིས་དམངས་འཚོ་གཞི་རྩར་བྱེད་པ་དང་ལས་ཞུགས་ཨང་དང་པོར་འཇོག་པའི་གཙོ་རྐང་དེར་དམ་པོར་དམིགས་པ་དང་དམིགས་ཚད་ལས་འགན་དང་ལས་ཞུགས་ཐད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ་དམངས་འཚོའི་གཞི་རྩ་བརྟན་དུ་བཏང་བ་རེད།
2017ལོར། གྲོང་ཁྱེར་གྱིས་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས་11སྒྲིག་འཛུགས་བྱས་ནས་འཚོགས་ཏེ་མི་གྲངས་2589དང་ལས་ཞུགས་ཀྱི་གྲོས་མཐུན་བཞག་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་ལས་གནས་1177མཁོ་འདོན་བྱས་ནས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་མཐོ་སློབ་སློབ་ཐོན་སློབ་མ་1682ལ་ལས་ཞུགས་ཐུབ་རོགས་བྱས་པ་རེད།
ཉ་འཛིན་པ་ལས་ཉ་འཛིན་སྟངས་བསླབས་ནས་ངལ་རྩོལ་པ་འཇོན་ཐང་ཅན་ལ་འགྱུར་བར་བྱས་པ།
ལོ་གཅིག་རིང་ངེད་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ལྟེ་བར་བྱས་ནས་སྤྱིར་བཏང་གི་ངལ་ནུས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་སོགས་ངལ་ནུས་ལྡན་པའི་ཚོགས་སྤྱི་སྣ་ཚོགས་སྤྱི་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་ཁྲོམ་ར་སྟོན་ཕྱོགས་སུ་བྱས་ནས་མི་ཁྲིའི་རྩལ་ནུས་གསོ་སྦྱོང་གི་ལས་ཀའི་བསམ་ཕྱོགས་གཏན་འཁེལ་བྱས་ཏེ་གསོ་སྦྱོང་བྱས་ནས་གྲོང་ཚོར་སྐྱོད་པ་དང་1+1གི་གཏན་འཁེལ་གསོ་སྦྱོང་ཐོན་ལས་ཀྱི་མངགས་ཐོ་གསོ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱས་པ་རེད།
2017ལོའི་ཟླ་12པར། ལྷོ་བྲག་རྫོང་གིས་ཞིང་ལས་ལག་རྩལ་མི་སྣ་གདན་དྲངས་ནས་རྫོང་དེ་ཡོངས་ཀྱི་སྲན་མ་ཐོན་སྐྱེད་གཙོ་བོ་བྱེད་མཁན་ཤང་དང་གྲོང་རྡལ་4ལ་སྲན་མའི་ལྗང་མདོག་ཐོན་མཐོ་བཏོད་པའི་ལག་རྩལ་དང་སྐྱེ་ལྡན་རྫས་ལུད་ཀྱི་དྲོད་ཚད་མཐོ་བའི་སྐྱེ་ལྡན་ལུད་མཉམ་དུ་སྤུངས་སྟངས་ལག་རྩལ་གསར་པ་བཀོལ་སྤྱོད་ཀྱི་གསོ་སྦྱོང་བྱས་པ་རེད།
(པར་ངོས་གསུམ་པར་གཟིགས)