འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།གྲོང་སྤྱི་ཕུར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་30གཙོ་སྐྱོང་གནང་སྟེ་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་རེད།
གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཝང་ཡུའུ་ཧྭ་དང་སྐལ་བཟང་།སླེའོ་ལེང་ཧུའེ།ཧྥང་ཤུད།ཧོང་ཅིན་ཁྲེང་།ཀྲང་ཧྥུ་ཁྲེན།ཀྲང་ཡུང་ལིན།མུའུ་ཡུང་ཝེན།དུང་ཅཱ་ཧྥུང་སོགས་ཚོགས་འདུར་ཞུགས།
ལྷོ་ཁའི་གཙང་པོའི་བྱང་རྒྱུད་ཀྱི་ཁུལ་གསར་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་དོན་འཆར་ཟིན་ལ་ཞིབ་འཇུག་གནང་སྐབས་ཕུར་བུ་དོན་གྲུབ་ཀྱིས་གཅིག་ནས་དོན་སྙིང་ལ་ངོས་འཛིན་དང་།གཙང་པོའི་བྱང་རྒྱུད་ཁུལ་གསར་འཛུགས་སྐྲུན་གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གསལ་པོ་ཡོང་བ་བྱས་ཏེ་གཙང་པོའི་བྱང་རྒྱུད་ཁུལ་གསར་དམིགས་ས་མཐོ་བའི་འཆར་འགོད་དང་ཆུ་ཚད་མཐོ་བའི་འཛུགས་སྐྲུན་བྱེད་དགོས།གཉིས་ནས་སྒྲིག་གཞི་འཛུགས་དགོས་པ་དང་།མི་སྣ་བཀོད་སྒྲིག་དང་འཆར་འགོད་བཟོ་འགོད།སྲིད་ཇུས་ཞིབ་འཇུག ས་ཞིང་དང་རྨོ་ཞིང་།སྲིན་བུ་རི་དེང་རབས་ཞིང་འབྲོག་ལས་ཚན་རྩལ་དཔེ་སྟོན་ཁུལ་འཛུགས་སྐྲུན་སོགས་ཀྱི་ཆེད་དོན་ཚན་ཁག་འཛུགས་དགོས།གསུམ་ནས་འཆར་འགོད་ཀྱིས་སྣེ་ཁྲིད་དགོས།ལྗོངས་ནང་ཁུལ་གྱི་སྔོན་ཐོན་དང་རྒྱལ་ནང་གི་རྩེ་གྲ་བཏོད་པའི་ཁུལ་གསར་དམིགས་ཚད་ལ་མཐའ་སྐོར་ནས་གཙང་པོའི་བྱང་རྒྱུད་ཀྱི་ཁུལ་གསར་འཛུགས་སྐྲུན་བྱེད་དགོས།བཞི་ནས་དུས་ཐོག་ཏུ་སྙན་ཞུ་ཞུ་དགོས།དུས་ཐོག་ཏུ་གཙང་པོའི་བྱང་རྒྱུད་ཀྱི་སྤྱི་ཡོངས་འཆར་འགོད་དང་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ལྷོ་ཁའི་དུམ་མཚམས་ (པར་ངོས་གསུམ་པར་གཟིགས)