第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2017年12月8日 星期
3 上一篇  下一篇 4 放大 缩小 默认
མཚོ་སྣ་རྫོང་མག་མང་ཤང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་མཐོང་ཐོས།
བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར།
 

ཁོད་སྙོམས་ཤིང་ངོས་གཙང་བའི་གྲོང་ཚོའི་ལམ་བུ་འདེད་དེ་གསར་འགོད་པས་མཚོ་སྣ་རྫོང་མག་མང་ཤང་དུ་འབྱོར། དེས་ན་ས་མཐོའི་ཡུལ་ལུང་གཞན་དང་མི་འདྲ་བར་རི་ཀླུང་མ་ལུས་ཤིང་ནགས་ཚལ་གྱིས་བཏུམས་ནས་ཡོད་པ་དང་། གནམ་གཤིས་དྲོ་གྲང་སྙོམས་པ་ལ་སྐྱེ་འགྲོ་གནས་ཟོས་བདེ་བའི་ཞིང་ཁམས་ལྟ་བུར་སྣང་།

ལོ་ངོ་སྟོང་ཕྲག་བརྒལ་བའི་ཤིང་སྡོང་དཔངས་ཆེ་བ་དང་སྨྱུག་མའི་ཚལ་གྱིས་ཁེངས་པའི་གདོད་མའི་ནགས་སུ་བསྐྱོད་ཚེ། ནགས་གསེབ་ནས་སྤྲེལ་མང་པོའི་སྐད་སྙན་སྒྲོགས་པ་དང་རི་གཟར་འབབ་ཆུས་གྲོག་རོང་དང་སྡེབས་ནས་ལྷུང་དུ་རྒྱུགས་པས་ཟེགས་མའི་ཁྲོད་ཡིད་འོང་མཛེས་ལྗོངས་རྨི་ལམ་ལྟ་བུར་རྨིས་བཞིན་འདུག

2014ལོར་མཚོ་སྣ་རྫོང་གིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་བཏོན་པའི་ས་ཚིགས་གཉིས་དང་། ཁུལ་གཉིས། གྲོང་རྡལ་གཅིག་བཅས་ལྡན་པ་སྟེ། མག་མང་ཤང་མག་མག་གྲོང་ཚོ་འདི་ཉིད་སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ས་ཚིགས་ཤིག་དང་མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཤིག མོན་པ་རིག་གནས་ཀྱི་དཔེ་སྟོན་ཁུལ་ཤིག་དང་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཞིག དེ་བཞིན་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་གྲོང་ཁྱེར་གྲོང་རྡལ་ཆུང་གྲས་ཤིག་བཅས་ཀྱི་སྤྱི་ཡོངས་རེ་འདུན་གཞིར་བཟུང་ཕྱོགས་ཡོངས་ནས་མག་མང་ཤང་མོན་པའི་སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་བསྐྲུན་རྒྱུར་སྐུལ་སྤེལ་བཏང་ཡོད་པ་རེད།

ཤང་དེའི་ཤང་ཀྲང་པད་མ་དབྱངས་ཅན་གྱིས་བརྗོད་དོན། རྣམ་གྲངས་ཀྱིས་གྲོང་གསེབ་གསར་པའི་འཛུགས་སྐྲུན་ཁོངས་ཀྱི་ (པར་ངོས་གསུམ་པར་གཟིགས)

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:专版
ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་བ།
མ་རྩོམ་ཀློག་པ་ མ་ཡིག་སྦྱོང་བ་ རྩ་བའི་རིག་པ་རྟོགས་པ་
མཚོ་སྣ་རྫོང་མག་མང་ཤང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་མཐོང་ཐོས།
སློབ་གསོ་པུས་བྱེད་ཐབས་ཆེན་པོ་ལྔ་སྤྱད་ནས་བྱིས་པར་སྐྱོང་མཁན་
མེ་ལོང་