འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ཡར་ཀླུང་ས་གཞི་ཆེ་མོར་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་ཐུགས་གྲ་འགྲིག་པོས་གྲོལ་རྗེས་གྲོང་ཁྱེར་དབུ་ཁྲིད་ཞུས་ཁྲེང་ཚང་དང་ཕུར་བུ་དོན་གྲུབ། ཏིང་ཀྲེ་ཧྥུང་། བག་གྲོ། ཁྲེན་ཀྲེན་ཞཱང་། ཝུ་ཝེ། ཀུང་པིང་། ཧོ་ཕེ། སྐལ་བཟང་། ཝང་ཡུའོ་ཧྭ། བསྟན་འཛིན། གཡན་ཧུང་། ཀྲང་ཏིང་ཁྲེང་། སླེའོ་ལེང་ཧུའེ། ཧྥང་ཤུད་སོགས་ཀྱིས་རང་དཔེ་གཞན་སྟོན་ཐོག་ནས་གཞི་རིམ་ལས་བྱེད་མང་ཚོགས་དང་གྲོང་ཚོ། སློབ་གྲྭ། ལས་ཡུལ་སོགས་སུ་ཕེབས་ཏེ་ངོ་ཐུག་གིས་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། ཟླ་11ཚེས་4ནས་5བར། གྲོང་ཨུད་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་ལྷུན་རྩེའི་ཡུལ་སྨད་ཤང་དང་རྩ་རིའི་འབྲོག་པ་སྡོད་ས། གསང་སྔགས་ཆོས་གླིང་སློབ་ཆུང་། ཞོལ་གསར་ཤང་འཕྲོད་བསྟེན་ཁང་སོགས་སུ་ཕེབས་ཏེ་ལས་བྱེད་མང་ཚོགས་དང་ཡུལ་མི་ཚོ་དང་གདོང་དང་གདོང་གཏུགས་ནས་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་བཙལ་བའི་ཡིག་ལན་དགོངས་དོན་བཅས་བརྒྱུད་བསྒྲགས་གནང་བ་རེད།
དེ་རྗེས་ཞུས་ཁྲེང་ཚང་གིས་འཕྱོངས་རྒྱས་དང་སྣ་དཀར་རྩེ། གོང་དཀར་སོགས་རྫོང་དུ་ཕེབས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་ནས་གྲོང་ཁྱེར་ཡོངས་ཀྱི་ (པར་ངོས་གསུམ་པར་གཟིགས)