第04版:藏区新闻 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ལོ་ལེགས་ཀྱི་སྤྲོ་སྣང་།
འདི་ལོའི་མི་སེམས་འགུལ་བར་བྱེད་པའི་བོད་ལྗོངས་ཀྱི་དབུལ་སྐྱོར་མི་སྣའི་འོས་མི་ཕུལ་བྱུང་བཅུ་སྤྱི་བསྒྲགས་བྱས་པ།
མེ་ལོང་
བོད་ལྗོངས་ཀྱི་མི་ཐབས་རྩྭ་རས་རྩྭ་ཐང་སྣོད་བཅུད་ལེགས་གཏོང་ལ་ ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
བོད་ལྗོངས་སུ་དམངས་སྤྱོད་ཀྱི་མཁའ་ཐོག་སྲོག་སྐྱོབ་ རོགས་སྐྱོབ་རུ་ཁག་ཐོག་མ་བཙུགས་པ།
བརྟག་དཔྱད་བྱས་པ་བརྒྱུད་གཙོད་ཤི་རྨས་བྱུང་མིན་འདུག
| 山南网首页 |
2017年10月11日 星期
3 上一篇 放大 缩小 默认
བརྟག་དཔྱད་བྱས་པ་བརྒྱུད་གཙོད་ཤི་རྨས་བྱུང་མིན་འདུག
 

སྐལ་བཟང་མེ་ཏོག་འཕྲིན་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། ཐོན་པའི་རླངས་འཁོར་བཏང་ནས་གཙོད་ཀྱི་རྗེས་འདེད་པའི་དོན་རྐྱེན་ཐད། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནགས་ཚལ་སྤྱི་བདེ་ཚན་པས་དོན་འདི་དང་འབྲེལ་བ་ཡོད་པའི་མི་བདུན་དང་རླངས་འཁོར་གཉིས་ལ་བརྟག་དཔྱད་ཞིབ་བསྡུར་བྱས་ཐོག གནས་ཚུལ་མཐོང་མཁན་གྱིས་མཁོ་འདོན་བྱས་པའི་པར་རིས་དང་བརྙན་ཕབ་སོགས་ཀྱི་ཆ་འཕྲིན་དང་། དེ་བཞིན་ས་གནས་དེ་གའི་ཆེད་ལས་ཀྱི་དོ་དམ་སྲུང་སྐྱོང་མི་སྣས་དཔྱད་བཤེར་བྱས་པ་བརྒྱུད། རླངས་འཁོར་གྱིས་གཙོད་རྗེས་འདེད་བྱས་པའི་པར་རིས་དེ་དག་ནི་ཟླ་10ཚེས་4ཉིན་ནག་ཆུ་ས་ཁུལ་གྱི་ཁོངས་སུ་ཐོན་པའི་གནས་ཚུལ་ཡིན་པ་དང་། དོན་རྐྱེན་འདི་དང་འབྲེལ་བ་ཡོད་པའི་མི་བདུན་པོས་རླངས་འཁོར་ནང་བསྡད་ནས་གཙོད་དང་བར་ཐག་ཉེ་བར་བཅར་ཏེ་པར་ལེན་བྱེད་པའི་བརྒྱུད་རིམ་གནས་ཚུལ་མཐོང་མཁན་གྱིས་པར་དུ་བླངས་རྗེས། ཟླ་10ཚེས་6ཉིན་གྱི་སྔ་དྲོ་པར་རིས་དང་བརྙན་ཕབ་དག་དྲ་བའི་ཐོག་སྤེལ་བ་དང་། པར་དུ་བླངས་པའི་བརྙན་ཕབ་ཀྱི་བརྒྱུད་རིམ་ཧྲིལ་པོར་སྐར་མ་གཅིག་ལྷག་ཡོད་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། དོན་འདི་དང་འབྲེལ་བ་ཡོད་པའི་མི་7པོས་རླངས་འཁོར་བཏང་ནས་གཙོད་ཀྱི་རྗེས་འདེད་པའི་གནས་ཚུལ་ཐོན་ཡོད་ན་ཡང་། རླངས་འཁོར་བཏང་ནས་གཙོད་ལ་རྨས་སྐྱོན་བཏང་བའི་གནས་ཚུལ་ཐོན་མེད་པ་མ་ཟད། དོན་རྐྱེན་དེས་རྐྱེན་པས་གཙོད་ཤི་རྨས་ཀྱི་གནས་ཚུལ་ཡང་ཐོན་མེད་པ་རེད།ད་ལྟ་དོན་རྐྱེན་འདིའི་ཐད་འབྲེལ་ཡོད་ཚན་པས་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།

བོད་དུ་གཙོད་དང་འབྲོང་། རྐྱང་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་གྲས་སུ་གཏོགས་པའི་རི་སྐྱེས་སྲོག་ཆགས་རིགས་125ལྷག་འཚོ་གནས་བྱེད་བཞིན་ཡོད་ཐོག གཙོད་ཀྱི་གྲངས་འབོར་དེ་ཁྲི་20ལས་བརྒལ་བ་དང་དེ་དག་གཙོ་བོ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་29.80ཟིན་པའི་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཚོ་གནས་བྱེད་བཞིན་མཆིས། 2015ལོར་བོད་རང་སྐྱོང་ལྗོངས་ཀྱིས་བྱང་ཐང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་གཞི་བསྒྱུར་བཅོས་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་3ལྷག་བཏང་ནས་དོ་དམ་ས་ཚིགས་73དང་ཞིང་འབྲོག་མི་780ལྷག་ལས་གྲུབ་པའི་ཆེད་ལས་དོ་དམ་རུ་ཁག་བཙུགས་ཐོག་དོ་དམ་སྒྲིག་གཞི་ཁག་འཐུས་སྒོ་ཚང་དུ་བཏང་ཐོག་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
ལོ་ལེགས་ཀྱི་སྤྲོ་སྣང་།
འདི་ལོའི་མི་སེམས་འགུལ་བར་བྱེད་པའི་བོད་ལྗོངས་ཀྱི་དབུལ་སྐྱོར་མི་སྣའི་འོས་མི་ཕུལ་བྱུང་བཅུ་སྤྱི་བསྒྲགས་བྱས་པ།
མེ་ལོང་
བོད་ལྗོངས་ཀྱི་མི་ཐབས་རྩྭ་རས་རྩྭ་ཐང་སྣོད་བཅུད་ལེགས་གཏོང་ལ་ ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
བོད་ལྗོངས་སུ་དམངས་སྤྱོད་ཀྱི་མཁའ་ཐོག་སྲོག་སྐྱོབ་ རོགས་སྐྱོབ་རུ་ཁག་ཐོག་མ་བཙུགས་པ།
བརྟག་དཔྱད་བྱས་པ་བརྒྱུད་གཙོད་ཤི་རྨས་བྱུང་མིན་འདུག