第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2017年10月11日 星期
3 上一篇  下一篇 4 放大 缩小 默认
རྒྱ་ཚྭ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།
སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན། རྒྱ་ཚྭ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཚོས་གཞི་རིམ་རྩ་འཛུགས་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་ལས་འགན་དེ་སྔ་ཕྱི་བར་གསུམ་དུ་འགག་རྩར་བརྩིས་ནས། སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། རྩ་འཛུགས་ཀྱི་བྱེད་སྒོ། ལམ་ལུགས་འཛུགས་སྐྱོང་སོགས་ལ་དམ་འཛིན་བྱས་པ་དང་། སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལག་བསྟར་དོན་འཁྱོལ་བྱས་ཐོག་གཞི་རིམ་ཏང་རྩ་འཛུགས་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཏང་གི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

སློབ་སྦྱོང་རྨང་གཞིར་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ནན་ཏན་བྱས་ཤིང་། རྒྱ་ཚ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དྲུག་པ་བཅའ་སྡོད་བྱས་ཚུན། གཅིག་སྡུད་སློབ་སྦྱོང་དང་རང་རྟོགས་སློབ་སྦྱོང་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་གྲོང་ཚོ་ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་། ཞིང་འབྲོག་ཏང་ཡོན། མང་ཚོགས་བཅས་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱས་པར་གཞི་རིམ་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཆབ་སྲིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

ཚད་ལོན་འགག་རྩར་བྱས་ཏེ་ཚད་དང་མཐུན་པའི་ཏང་ཡོན་ཞིག་ཏུ་ཧུར་ཐག་འགྱུར་བ་བྱས་ཤིང་། རྒྱ་ཚ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ཚོས་ཏང་གི་སྒྲིག་ཡིག་མེ་ལོང་དུ་བྱས་ཏེ་ཞིང་འབྲོག་ཏང་ཡོན་ གྱིས་དུས་ཐོག་ཏུ་ཏང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཧུར་ཐག་ཞུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་སྔོན་ཐོན་དཔེ་མཚོན་མི་སྣ་ཚད་གཞིར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚད་དང་མཐུན་པའི་ཏང་ཡོན་ཞིག་ཏུ་ཧུར་ཐག་འགྱུར་བ་བྱས་པ་རེད།

ལས་སྒྲུབ་དམིགས་ཚད་དུ་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་ཞིང་། ཏན་ཏིག་ལ་གཞི་ཚུགས་ཏེ་རྒྱ་ཚྭ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ཚོས་མང་ཚོགས་ཀྱི་བྱ་བ་ཁག་ནན་ཏན་ངང་བསྒྲུབས་ཐོག་ཏང་རྩ་འཛུགས་ཀྱི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་པ་དང་། ལས་ཀའི་བསམ་ཕྱོགས་གསར་གཏོད། གྲོང་ཚོའི་མཉམ་སྡེབ་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་སྐྱེད་བཅས་བྱས་ནས་ཞིང་ཕྱུག་གྲོང་དར་གྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱས་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས།
སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་བ།
སྐབས་དང་པོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ གསོ་སྦྱོང་འཛིན་གྲྭ་གཉེར་བ།