第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2017年10月11日 星期
下一篇 4 放大 缩小 默认
མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས།
 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས།

ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོར་གཏོར་བཤིག་གཏོང་མི་རུང་བ་དང་བོད་ཀྱི་བདག་དབང་གཏོགས་ཁོངས་ལ་ཐེ་ཚོམ་སྐྱེ་མི་རུང་ལ། བོད་ལྗོངས་འཕེལ་རྒྱས་ཡར་ཐོན་ལ་འགོག་རྐྱེན་ཡང་བཟོ་མི་རུང་བས། ང་ཚོས་མི་སུ་འདྲ་ཞིག་གིས་དུས་གང་རུང་དང་རྣམ་པ་གང་རུང་གི་ཐོག་ནས་བོད་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མེས་རྒྱལ་གྱི་མངའ་ཁོངས་ནས་ཁ་ཕྲལ་དུ་རྩ་བ་ནས་འཇུག་གི་མིན།

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་བོད་རང་བཙན་གྱི་ལྐོག་ཇུས་བཤམས་མཁན་ཁ་ཕྲལ་རིང་ལགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་རྒྱལ་སྤྱིའི་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་ལག་ཆ་འཁྲུལ་མེད། བོད་ལྗོངས་སུ་སྤྱི་ཚོགས་ཟང་ཟིང་བཟོ་བའི་འབྱུང་རྩ་གཙོ་བོ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་འཛུགས་པར་འགོག་རྐྱེན་བཟོ་བའི་བཀག་རྡོ་ཆེ་ཤོས། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་བཅས་རེད། ང་ཚོ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་མི་རིགས་ཀྱི་གནད་དོན་དང་ཆོས་ལུགས་ཀྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་མ་ཡིན་པར་སྲིད་དབང་སྲུང་སྐྱོབ་དང་། དར་ཆ་སྲུང་སྐྱོབ། འགྲོ་ལམ་སྲུང་སྐྱོབ་བཅས་ཀྱི་སྒམ་ནན་གྱི་ཆབ་སྲིད་འཐབ་རྩོད་ཅིག་ཡིན།

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་སྟེ་ཁོ་པ་ཚོའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་སྲུང་སྐྱོང་དང་མངའ་བདག་ཆེན་པོ་གསུམ་གྱི་ཁེ་ཕན་སྲུང་སྐྱོང་བྱ་ཆེད། མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལྡིག་ཉེས་ཀྱི་བྱེད་སྤྱོད་མང་པོ་སྤེལ་ཡོད། སྤྱི་ལོ་1959ལོའི་ཟླ་བ་3པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་མིང་རྟགས་བཀོད་པའི《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》དང་རྒྱབ་འགལ་བྱས་ཏེ་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་རེད། དྲག་པོའི་ངོ་ལོག་ཟིང་འཁྲུག་ཡོངས་སུ་ཕམ་རྗེས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་ནས་རྒྱལ་སྤྱིའི་དགྲ་འཛིན་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག་གང་སར་མགོ་སྐོར་གཡོ་ཐབས་སྤྱད་དེ་གླེང་ཕྱོགས་ལ་མགོ་སྐོར་དང་འཛམ་གླིང་སྐྱེ་བོར་མགོ་སྐོར་བཏང་སྟེ། མེས་རྒྱལ་ཁ་ཕྲལ་གཏོང་ཆེད་མགོ་སྐོར་གཏམ་འཆལ་སྤེལ་བ་དང་ཟིང་ཆ་དང་རྡུང་བཅོག་འཕྲོག་བསྲེག་གི་གཏུམ་སྤྱོད་ཀྱི་དོན་རྐྱེན་ཚབས་ཆེན་ཐེངས་མང་པོ་བསླངས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས་ཡོད། ལོ་མང་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བའི་ངན་ཇུས་དང་གཡོ་ཐབས་ལ་རྒྱུན་ཆད་མེད་པར་འགྱུར་བ་བཏང་རུང་དེའི་མེས་རྒྱལ་ཁ་ཕྲལ་གཏོང་བའི་མཁྲེགས་བཟུང་ལངས་ཕྱོགས་ལ་འགྱུར་བ་བཏང་མེད་པ་དང་བོད་དུ་ལོག་སྤྱོད་དང་། མུན་ནག རྗེས་ལུས། གདུག་རྩུབ་བཅས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་དང་བོད་དུ་གདུག་རྩུབ་ཆེ་བའི་དབང་སྒྱུར་སླར་གསོ་བྱ་རྒྱུའི་སྟོང་བསམ་འཆང་གི་ཡོད་པ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་བོད་རང་བཙན་གྱི་ཇུས་ངན་བཤམས་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་ཡིན་པ་དོན་དངོས་ཐོག་ནས་ར་སྤྲོད་བྱས་ཡོད།

རྒྱལ་སྤྱིའི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཀྱིས་སྔ་ཕྱི་བར་གསུམ་དུ་རང་རྒྱལ་ནུབ་ཕྱོགས་ཅན་དང་ཁ་ཕྲལ་ཅན་དུ་འགྱུར་བའི་བསམ་པ་དོར་མེད་པ་དང་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པ་བེད་སྤྱད་དེ་རྒྱུན་ཆད་མེད་པར་རང་རྒྱལ་ལ་རྙོག་དྲ་བཟོ་གི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ལོ་ན་རྒས་པ་དང་བསྟུན་ནས་ཉེ་ལམ་ལོ་ཤས་རིང་རྒྱལ་སྤྱིའི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཀྱིས་དེ་བས་དེའི་རིན་ཐང་ལྷག་མ་བེད་སྤྱོད་གང་ཐུབ་བྱེད་པ་དང་ཁོ་པའི་ཁ་ཕྲལ་གྱི་ཇུས་ངན་བྱ་སྤྱོད་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་འགོག་རྐྱེན་བཟོ་རྒྱུའི་རེ་ངན་འཆང་གི་ཡོད། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པས་རྒྱལ་སྤྱིའི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་དང་ངན་པ་ལག་སྦྲེལ་གྱིས་ཁོ་ཚོའི་ལག་ཆ་འཁྲུལ་མེད་ཅིག་བྱེད་པའི་བསམ་པ་བཅངས་ཏེ་མེས་རྒྱལ་ཁ་ཕྲལ་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་རྒྱུའི་རེ་ངན་འཆང་གི་ཡོད།

ང་ཚོས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཀྲུང་དབྱང་གི་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་ཐུབ་པ་བྱས་ཏེ་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གལ་ཆེའི་རྩ་དོན་གྱི་གནད་དོན་དེའི་ཐད་དར་ཆ་དེ་བས་གསལ་སྟོན་དང་ལངས་ཕྱོགས་དེ་བས་བརྟན་པ། བྱ་སྤྱོད་དེ་བས་རང་རྟོགས་བཅས་ཀྱི་ཐོག་ནས་རབ་རིབ་ཀྱི་བསམ་པ་དང་གཡོ་འགུལ་སྤུ་ཙམ་མེད་པར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་ཀྱིས་ཕྱར་བ་གྲུ་འདེགས་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་རྒྱུན་ཆད་མེད་པར་བསྐྲུན་དགོས། ( མུ་མཐུད་ནས་འགོད་རྒྱུ)

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས།
སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་བ།
སྐབས་དང་པོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ གསོ་སྦྱོང་འཛིན་གྲྭ་གཉེར་བ།