第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཚང་མ་བདམས་ཐོན་བྱུང་བ།
རྒྱན་མཚན་གྱིས་ངེད་གྲོང་ཁྱེར་དུ་དགུན་ནས་ཨང་18འདེབས་འཛུགས་གནས་ཚུལ་ལ་རྟོག་ཞིབ་གནང་བ།
འགན་ལེན།
བཟོ་གྲྭ་ཆུང་ཆུང་ཡིན་ཀྱང་དམངས་ལ་ཡོང་འབབ་མང་པོ་བསྟེར།
ཕུལ་བྱུང་གྲུབ་འབྲས་ཐོག་ནས་
འདི་ནི་རྩ་ཡུལ་གྱོན་ཆས་ལས་སྣོན་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་གི་ཟུར་ཞིག་ཡིན་པ།
| 山南网首页 |
2017年10月11日 星期
下一篇 4 放大 缩小 默认
ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཚང་མ་བདམས་ཐོན་བྱུང་བ།
 

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཕྲིན་སྟེགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན།ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།རྒྱལ་ཡོངས་ཀྱི་འདེམས་བསྐོའི་ཚན་པ་ཁག་གིས་ཏང་གི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ཏང་གི་འཐུས་མིའི་ཚོགས་འདུ་འཚོགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་2287བདམས་ཐོན་བྱུང་བ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ནི་ཏང་གི་སྒྲིག་ཡིག་དང་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་ནན་པོར་གཞིགས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དམངས་གཙོ་དར་སྤེལ་དང་གཅིག་གྱུར་ནུས་ལྡན་བྱས་ནས་གོང་འོག་ཟུང་འབྲེལ།ནང་གྲོས་ཡང་ཡང་།རིམ་པ་ལྟར་འདེམས་སྒྲུག་བཅས་ཀྱི་བྱ་ཐབས་སྤྱད་ནས་ཐོན་པ་ཞིག་རེད།

བདམས་ཐོན་བྱུང་བའི་འཐུས་མི་དག་སྤྱིའི་ཆ་ནས་ཀྲུང་དབྱང་གི་གཏན་འབེབས་ཆ་རྐྱེན་དང་མཐུན་ཡོད།ཁོང་ཚོའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོ་བ་དང་།སྤྱོད་ཚུལ་དང་ཀུན་སྤྱོད་ལེགས་པ།གཞུང་དོན་གྲོས་མོལ་བྱེད་ནུས་ཆེ་ཙམ་ལྡན་ཡོད་ལ།རང་འཁྲིའི་ལས་གནས་ཐོག་གྲུབ་འབྲས་མངོན་གསལ་དོད་པོའང་ཐོབ་ཡོད་པས་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཡིན།འཐུས་མིའི་གྲུབ་ཆ་དང་ཁྱབ་ཚུལ་ལུགས་མཐུན་ཡིན་པ་དང་གྲུབ་ཆའི་བསྡུར་ཚད་ཁག་ཚང་མ་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཡོད་པས་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་ཡོད།ཁོང་ཚོའི་ཁྲོད་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡོད་ལ།ཐོན་སྐྱེད་དང་ལས་དོན་གྱི་འཐབ་ཕྱོགས་དང་པོ་ནས་ཡིན་པའི་ཏང་ཡོན་ཡང་ཡོད།ལྷག་པར་དུ་གྲངས་འབོར་ངེས་ཅན་གྱི་བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཡོད་ལ།དཔལ་འབྱོར་དང་།ཚན་རྩལ།རྒྱལ་སྲུང་།སྲིད་ཁྲིམས།སློབ་གསོ།དྲིལ་བསྒྲགས།རིག་གནས།འཕྲོད་བསྟེན།ལུས་རྩལ།སྤྱི་ཚོགས་དོ་དམ་སོགས་ཕྱོགས་ཁག་གི་འཐུས་མིའང་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་འཐུས་མིའི་འོས་བབ་ལ་སྐབས་དེ་དང་བསྟུན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ལྷན་གྱིས་གཏན་འཁེལ་བྱེད་དགོས་ཀྱི་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཚང་མ་བདམས་ཐོན་བྱུང་བ།
རྒྱན་མཚན་གྱིས་ངེད་གྲོང་ཁྱེར་དུ་དགུན་ནས་ཨང་18འདེབས་འཛུགས་གནས་ཚུལ་ལ་རྟོག་ཞིབ་གནང་བ།
འགན་ལེན།
བཟོ་གྲྭ་ཆུང་ཆུང་ཡིན་ཀྱང་དམངས་ལ་ཡོང་འབབ་མང་པོ་བསྟེར།
ཕུལ་བྱུང་གྲུབ་འབྲས་ཐོག་ནས་
འདི་ནི་རྩ་ཡུལ་གྱོན་ཆས་ལས་སྣོན་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་གི་ཟུར་ཞིག་ཡིན་པ།