第04版:藏区新闻 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2017年9月27日 星期
下一篇 4 放大 缩小 默认
བོད་ཀྱིས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་བཞི་ཆ་གཅིག་ ལྷག་ཙམ་གནད་སྨིན་དབུལ་སྐྱོར་ལ་བཏང་བ།
 

ཀྲུང་གོའི་བོད་ཀྱི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་གཅིག་པུ་དེ་ཡིན་པའི་ངོས་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་བརྒྱུད་རིམ་ནང་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱིས་དངུལ་རྩའི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་རྒྱུན་མཐུད་ཆེ་རུ་བཏང་ནས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་གནད་སྨིན་དབུལ་སྐྱོར་ལ་ཕྱོགས་པ་དང་། ཤིན་ཏུ་དབུལ་པོའི་ས་ཁུལ་ལ་ཕྱོགས་ཡོད་པ་རེད། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱིས་ཡིད་རྟོན་དངུལ་བུན་གྱི་དབུལ་སྐྱོར་མ་དངུལ་ཁྱོན་སྒོར་དུང་ཕྱུར་960ལྷག་ཙམ་བཏང་ཡོད་པ་རེད།

ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ཚུན་བོད་ལ་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཀ་དང་། སྐྱེད་ཁྱད་ཁ་གསབ། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སོགས་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ཆ་ཚང་ཞིག་ལོངས་སྤྱོད་ཐུབ་ཡོད་པ་རེད། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱ་ཆེད་བོད་ལྗོངས་དངུལ་ཁང་ལྟ་སྐུལ་ཅུས་ཀྱིས་དབུལ་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལྗོངས་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་དབུལ་སྐྱོར་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུར་མཛུབ་ཁྲིད་བྱས་པ་དང་། དངུལ་རྩའི་ལས་རིགས་ཀྱི་ཡར་སྐུལ་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ། ཆེད་མངགས་དབུལ་སྐྱོར་གྱི་དངུལ་རྩའི་ལས་དོན་པུའུ་བཙུགས་པ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་རྫོང་དང་ཆུས་74ལ་དབུལ་སྐྱོར་ཆེད་གཏོང་མི་སྣ་བཀོད་སྒྲིག་གསལ་པོ་བྱས་པ། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་59ཡི་གཞི་རྩའི་ཆ་འཕྲིན་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ། ལྟ་སྐུལ་དོ་དམ་དང་དངུལ་ཁང་དང་དབུལ་སྐྱོར་གྱི་སྡེ་ཚན་མང་པོ་མཉམ་འགུལ་གཞོགས་འདེགས་བྱས་ནས་ཆ་འཕྲིན་མཉམ་སྤྱོད་དང་ལས་ཀར་གཞོགས་འདེགས་བྱེད་པའི་ལམ་སྲོལ་བཙུགས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིས“གཞི་རིམ་གྱི་ཞིང་འབྲེལ་དངུལ་ཁང་སྒྲིག་གཞི་དང་གྲོང་ཚོ་རིམ་པའི་རྩ་འཛུགས་གཉིས་མཉམ་འགུལ”བྱེད་པའི་དབུལ་སྐྱོར་དངུལ་བུན་གྱི་ལག་བསྟར་བསམ་འཆར་བཀྲམ་ནས་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བུན་གཡར་རེ་ཞུའི་ཚད་གཞི་འོས་འཚམ་གྱིས་ལྷུག་གཏོང་དང་། གཏའ་མ་འཇོག་མི་དགོས་པ་དང་། ཁག་ཐེག་མི་དགོས་པ། ནོར་སྲིད་སྐྱེད་གསབ་འབོར་ཉུང་ཡིད་རྟོན་བཅས་ཀྱི་ཞབས་ཞུའི་རྣམ་གྲངས་མཁོ་འདོན་བྱས་ནས་གཞི་རིམ་ལས་གཉེར་དྲ་ཚུགས་དང་གྲོང་ཚོ་རིམ་པའི་གཞི་རིམ་ཏང་རྩ་འཛུགས་4323གྱིས་གཞི་རིམ་གྱི་ཞིང་འབྲེལ་དངུལ་ཁང་སྒྲིག་གཞི་དང་གྲོང་ཚོ་རིམ་པའི་རྩ་འཛུགས་གཉིས་མཉམ་འགུལ་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་བཏང་བ་དང་གཞི་རིམ་གྱི་ཞིང་འབྲེལ་དངུལ་ཁང་སྒྲིག་གཞི་དང་གྲོང་ཚོ་རིམ་པའི་རྩ་འཛུགས་གཉིས་མཉམ་འགུལ་གྱི་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་189.42བཏང་ཡོད་པ་རེད།

2016ལོར་བོད་ལྗོངས་སུ་མི་འབོར་དབུལ་པོ་མི་གྲངས་ཁྲི་14.7ཉུང་དུ་ཕྱིན་ཡོད་པ་དང་། རྫོང་དང་ཆུས5ཡིས་རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་དཔོག་རེ་ཞུ་བྱས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཐོག་མར་རྒྱལ་ཁ་ཐོབ་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
བོད་ཀྱིས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་བཞི་ཆ་གཅིག་ ལྷག་ཙམ་གནད་སྨིན་དབུལ་སྐྱོར་ལ་བཏང་བ།
མེ་ལོང་
རང་རྒྱལ་གྱིས་ཁག་དང་པོའི་རྒྱལ་ཁབ་འདམ་རའི་ཡུལ་སྐོར་ དཔེ་སྟོན་རྟེན་གཞི་10ཡོངས་བསྒྲགས་བྱས་པ།
བོད་ཀྱིས་2017ལོར་དབུལ་པོ་མི་ཁྲི་13 ཡན་ཉུང་དུ་གཏོང་རྩིས་ཡོད་པ།