第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རང་ལྗོངས་ཀྱིས་རྒྱལ་ཡོངས་ནས་མཐའ་མཚམས་གྲོང་མིའི་ཁ་གསབ་ལམ་ལུགས་ཐོག་མར་བཙུགས་པ།
ཕུར་བུ་དོན་གྲུབ་ཀྱིས་ངེད་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོའི་སྡོད་ཁང་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་བ།
སྦྲུམ་མའི་སྐྱེ་འཕེལ་དབང་པོར་ཆུ་འབུར་ཐོན་ན་མངལ་ཆགས་ ཕྲུ་གུར་གནོད་འཚེ་གང་ཡོད་དམ།
ཆམ་རིམས་སྔོན་འགོག་བྱ་ཐབས།
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད།
ཕུར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་འབྲུ་རིགས་ཅུས་སུ་རྟོག་ཞིབ་གནང་སྐབས་མི་དམངས་ཀྱི་འབྲུ་རིགས་ལ་དོ་དམ་ཡག་པོ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི@
| 山南网首页 |
2017年9月27日 星期
3 上一篇  下一篇 4 放大 缩小 默认
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད།
 

(པར་ངོས་དང་པོར་མཐུད) ཡག་པོ་སྒྲུབ་པ་དང་སྤྱིར་བཏང་རང་བཞིན་གྱི་ནོར་སྲིད་གཏོང་སྒོའི་བརྒྱ་ཆ་70ཡན་དང་བོད་སྐྱོར་མ་དངུལ་གྱི་བརྒྱ་ཆ་80དམངས་འཚོའི་ཁྱབ་ཁོངས་སུ་གཏོང་གི་ཡོད།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ནོར་སྲིད་ནས་དམངས་འཚོའི་ཐད་འགྲོ་གྲོན་གཏོང་ཚད་སྒོར་དུང་ཕྱུར་ 3911ཟིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆ་18ཟིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་ཐུབ་ཚད་རྒྱུན་སྲིང་མཐོ་རུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་ཐུབ་ཚད་མི་གྲངས་ཁྲི་ཚོ་16.9 དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་འཕྲོ་སྤོ་འགྱུར་བྱེད་ཚད་མི་ཐེངས་ཁྲི་ཚོ་467ཟིན་ཡོད།གྲོང་མིའི་ཡོང་འབབ་འཕར་སྣོན་ཆེ་ཙམ་བྱུང་ཡོད་པ་སྟེ།སྤྱི་ལོ་2015ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་ཁག་སོ་སོར་སྤྱི་ལོ་2010ལོའི་ལྡབ་1.7དང་ལྡབ་2ཟིན་ཡོད།སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་གཞི་རྩའི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་སྤེལ་གཏིང་ཟབ་བཏང་ཡོད་པས་གཞི་རྩའི་ཐོག་ནད་ཆེན་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་ནད་འབྲིང་ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པ།ནད་ཆུང་རྫོང་དང་ཆུས་ནས་བཅོས་ཐུབ་པ་བཅས་བྱུང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རིན་མེད་གཟུགས་པོ་བརྟག་དཔྱད་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ།སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་དམའ་རུ་ཕྱིན་པ།ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་5000ལྷག་ཙམ་ལ་རིན་མེད་སྨན་བཅོས་ཐུབ་པ།སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་སྐྲུན་ཟིན་པ་བཅས་རེད།“བརྒྱད་འཛོམས་ཞིང་དུད”ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་འཛིན་གྲོང་ཚོ་4898 ཀྱི་འཚོ་སྡོད་ཁོར་ཡུག་དང་ཕྱོགས་བསྡུས་བཅོས་སྐྱོང་ལེགས་སྒྲུབ་བྱས་ཡོད་པ་དང་མི་འབོར་དང་འཆར་ལྡན་བུ་བཙའི་ལས་དོན་དང་།མི་རབས་རྗེས་མ་དང་རྒན་རྒོན་ལ་སེམས་ཁུར་བྱེད་པའི་ལས་དོན།དབང་པོ་སྐྱོན་ཅན་བྱ་གཞག་བཅས་རྒྱུན་ཆད་མེད་པར་གོང་འཕེལ་བྱུང་ཡོད།

བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་ཏང་གི་དྲོ་སྐྱིད་ཉི་འོད་འོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ལོངས་སུ་སྤྱོད་བཞིན་ཡོད།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་དྲན་དགོས་ཟེར་བ་ལྟར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གི་བཀའ་དྲིན་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པ་གསལ་ཤེས་ཐུབ་པ་དགོས།ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས་ཞེས་པ་དེ་ནི་ཏང་གི་བཀའ་དྲིན་ཚོར་ནས“ཕན་པ་གང་དུ་ཡོད་པ་དང་ཕན་པ་གང་ནས་བྱུང་བ”གསལ་པོ་ཤེས་པ་བྱེད་རྒྱུ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་གསལ་པོ་ཤེས་པ་བྱེད་དགོས་རྒྱུ་དེ་རེད།ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་སྲོག་ཤིང་ལ་དགའ་གུས་བྱ་རྒྱུ་དེ་ནི་ཏང་གི་བཀའ་དྲིན་ཚོར་ཤེས་ཐུབ་པ་བྱ་རྒྱུ་དེ་ཡིན་པས།

ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་ཞེས་པ་ལྟར་ཏང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དུས་ནམ་ཡང་སེམས་དབུས་སུ་བཅངས་ནས་ཏང་ལ་བསམ་པ་རྣམ་དག་དང་ཏང་གི་སྲོག་ཤིང་ལ་བསམ་པ་རྣམ་དག་བྱ་དགོས།ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་གུས་བྱ་རྒྱུ་དེ་ནི་ཏང་གི་བཀའ་དྲིན་འཇལ་རྒྱུ་དེ་ཡིན་པས།བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་རྒྱུ་དང་།རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་འདུ་ཤེས་དང་།སྤྱི་ཡོངས་ཀྱི་འདུ་ཤེས།སྲོག་ཤིང་གི་འདུ་ཤེས།མིག་ལྟོས་ཀྱི་འདུ་ཤེས་བཅས་དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་འབད་བརྩོན་ཆེན་པོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་བརྩམ་རྒྱུའི་རྒྱང་སྐྱོད་ཁྲོད་རང་འགུལ་ངང་གུང་ཁྲན་ཏང་ཡག་པ་དང་།སྤྱི་ཚོགས་རིང་ལུགས་ཡག་པ།སྒྱུར་བཅོས་སྒོ་དབྱེ་ཡག་པ།རླབས་ཆེན་མེས་རྒྱལ་ཡག་པ།མི་དམངས་དམག་དཔུང་ཡག་པ།མི་རིགས་ཁག་གི་མི་དམངས་ཡག་པ་བཅས་ཀྱི་དབྱངས་རྟ་གཙོ་བོ་གྱེར་བ་དང་།རང་འགུལ་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་།མི་རིགས་མཐུན་སྒྲིལ།སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པ།རང་འགུལ་ངང་མཐུན་སྒྲིལ་དང་།མཛེས་སྡུགཞི་མཐུན།བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་རང་ནུས་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ནས་དུས་ནམ་ཡང་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་མཁན་མང་ཚོགས་ཡག་པོ་ཞིག་བྱེད་དགོས།

(མུ་མཐུད་འགོད་རྒྱུ)

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
རང་ལྗོངས་ཀྱིས་རྒྱལ་ཡོངས་ནས་མཐའ་མཚམས་གྲོང་མིའི་ཁ་གསབ་ལམ་ལུགས་ཐོག་མར་བཙུགས་པ།
ཕུར་བུ་དོན་གྲུབ་ཀྱིས་ངེད་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོའི་སྡོད་ཁང་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་བ།
སྦྲུམ་མའི་སྐྱེ་འཕེལ་དབང་པོར་ཆུ་འབུར་ཐོན་ན་མངལ་ཆགས་ ཕྲུ་གུར་གནོད་འཚེ་གང་ཡོད་དམ།
ཆམ་རིམས་སྔོན་འགོག་བྱ་ཐབས།
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད།
ཕུར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་འབྲུ་རིགས་ཅུས་སུ་རྟོག་ཞིབ་གནང་སྐབས་མི་དམངས་ཀྱི་འབྲུ་རིགས་ལ་དོ་དམ་ཡག་པོ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི@