第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2017年9月27日 星期
下一篇 4 放大 缩小 默认
རྒྱ་ཚྭ་རྫོང་གིས།
གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་དུ། རྒྱ་ཚྭ་རྫོང་གིས་ཏང་འཛུགས་སྐྱོང་དམ་འཛིན་དང་དབུལ་སྒྲོལ་ལ་སྐུལ་སྤེལ་གཏོང་རྒྱུའི་ལས་དོན་ཁག་ཏན་ཏིག་ངང་སྤེལ་བ་མ་ཟད། གཅིག་སྐྱོར་གཉིས་རོགས་གསུམ་འདོམས་ལ་བརྟེན་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ཡོད་པ་རེད།

གཙོ་གནད་དུ་རྒྱབ་སྐྱོར་གཅིག་བྱེད་པའི་ལས་དོན་སྤེལ་བ་སྟེ། རྫོང་སྲིད་གཞུང་གིས་ལོ་ལྟར་སྔོན་རྩིས་ཁྲོད་སྒོར་ཁྲི་100བཀོད་སྒྲིག་བྱས་ནས་ཆེད་མངགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྤྱད་ཀྱི་ཡོད། 2017ལོ་ནས་བཟུང་། རྣམ་གྲངས་ཀྱི་རྒྱབ་སྐྱོར་མ་དངུལ་སྒོར་ཁྲི་100དེ་རྣམ་གྲངས་འགྲན་རྩོད་ཀྱི་རྣམ་པའི་ཐོག་ནས་བགོ་འགྲེམས་ལུགས་མཐུན་བྱས་ཐོག་གཙོ་གནད་དུ་གྲོང་ཚོ་རིམ་པའི་དཔལ་འབྱོར་མཉམ་སྡེབ་1ནས་2བར་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད།

རོགས་རམ་གཉིས་ཀྱི་ལས་དོན་ཡག་པོ་སྤེལ་བ་སྟེ། རྨང་བརྟན་དམངས་ཕན་གྱི་ལས་དོན་དང་བོད་སྐྱོར་ལས་སྟེགས་ལ་བརྟེན་ནས། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་གྲངས་སྐྲུན་པ་དང་། མ་དངུལ་གྲབས་གསོག རྣམ་གྲངས་ནང་འདྲེན་བྱེད་པ་སོགས་ཀྱི་ཐད་ལ་རོགས་སྐྱོར་ཐུབ་ཡོད་པ་རེད། གཉིས་ལས་ཞེས་པའི་ལས་གཞི་དང་གྲོང་ཚོའི་ལས་བྱེད་པའི་བྱང་ཚད་མཐོ་རུ་གཏོང་བའི་ལས་གཞིར་བརྟེན་ནས། གྲོང་ཚོ་ཡུལ་ལྷན་གཉིས་ཀྱི་འགོ་ཁྲིད་ཚན་ཁག་དང་གྲོང་ཚོའི་ཧྲུའུ་ཅི་དང་པོ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་སྤུན་ཟླའི་རྫོང་ལ་འདེམས་གཏོང་བྱས་ནས། སློབ་སྦྱོང་དང་ཡར་ཐོན་གྱི་མཉམས་མྱོང་ལེན་ཏེ། བསམ་བློའི་ལྟ་བར་འགྱུར་ལྟོག་གཏོང་འགྱུར་རོགས་རམ་བྱས་ཡོད་པ་རེད།

དོ་དམ་གསུམ་གྱི་ལས་དོན་ཡག་པོ་སྤེལ་བ་སྟེ། མི་སྣའི་དོ་དམ་ཐད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཆེད་བཙུགས་མི་སྣས་ཆེད་མངགས་དོ་དམ་བྱེད་དུ་བཅུག་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་མཁནཡོད་པར་འགན་ལེན་བྱས་ཡོད་པ་དང་། ནོར་དོན་དམ་འཛིན་ཐད། གྲོང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ནོར་དོན་དང་རྒྱུ་ནོར་གནས་ཚུལ་སྤྱི་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དང་དུས་མཚུངས་སྒྲིག་ཨུད་སོགས་ཚན་པ་དང་འབྲེལ་མཐུད་བརྒྱུད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་རྒྱུ་ནོར་ལ་ཆེད་དོན་གྱི་རྩིས་བཤེར་བྱས་པ། རྒྱུ་ནོར་དོ་དམ་ཐད། གྲོང་ཚོ་ཁག་གིས་ལག་རྩལ་དང་། ངལ་ནུས་ཕྱིར་འདྲེན། སྒྲིག་བཀོད་དང་ས་ཆ་བོགས་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་ད་ཡོད་ཀྱི་རྒྱུ་ནོར་དང་ཐོན་ཁུངས་ལེགས་པར་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འབབ་འཕར་གྱི་ལམ་བུ་རྒྱ་བསྐྱེད་བྱས་པ་བཅས་རེད།

མིག་སྔའི་བར། རྒྱ་ཚྭ་རྫོང་དུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལོ་རེའི་ཡོང་འབབ་སྒོར་ཁྲི་100ཡན་ཟིན་པའི་གྲོང་ཚོ་1ཡོད་པ་དང་། སྒོར་ཁྲི་50ནས་སྒོར་ཁྲི་100བར་ཟིན་པའི་གྲོང་ཚོ་1 སྒོར་ཁྲི་10ནས་20བར་ཟིན་པའི་གྲོང་ཚོ་10 སྒོར་ཁྲི་5ནས་སྒོར་ཁྲི་10བར་ཟིན་པའི་གྲོང་ཚོ་12 སྒོར་ཁྲི་3ནས་སྒོར་ཁྲི་5བར་ཟིན་པའི་གྲོང་ཚོ་9 བཅས་ཡོད་ཅིང་། དེ་མིན་ལྷག་འཕྲོད་ཀྱི་གྲོང་ཚོ་ཁྱོན་43ཡོད་པ་དག་ལོ་རེའི་ཡོང་འབབ་སྒོར་ཁྲི་3མ་ཟིན་ཙམ་ཡོད་པ་རེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་ལོ་ལྟར་མང་ཚོགས་མི་གྲངས་800ལྷག་ཙམ་ལ་སྣེ་ཁྲིད་བརྒྱུད་འབབ་འཕར་ཕྱུག་འགྱུར་མངོན་གྱུར་ཐུབ་ཡོད་དོ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ།
དབུལ་སྒྲོལ་ཕྱུག་འགྱུར་བྱེད་
དུད་སྦྲེལ་སྤྱི་མིར་བརྟེན་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་གཏིང་ཟབ་སྤེལ་བ།
ཏང་ཡོན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།