འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།གྲོང་སྤྱི་ཕུར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་འབྲུ་རིགས་ཅུད་དང་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་མཛོད་ཁང་།འབྲུ་སྣུམ་ལས་སྣོན་བཟོ་གྲ་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་འབྲུ་སྣུམ་མཛོད་ཉར་གསོག་འཇོག་གནས་ཚུལ་དང་འབྲུ་སྣུམ་བདེ་འཇགས་ལྟ་སྐུལ་དོ་དམ།འབྲུ་རིགས་མཛོད་བཅུག་ཁང་གི་སྒྲིག་བཀོད་འཛུགས་སྐྲུན་དང་གསོག་འཇོག་འབྲུ་རིགས་ཀྱི་གཉེར་སྐྱོང་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན།སྣེ་གདོང་ཆུས་ཨུད་ཧྲུའུ་ཅི་ཉི་མ་ཚེ་རིང་དང་།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུད་ཏང་ཙུའི་ཧྲུའུ་ཅི་ཏེང་ཆོན།གྲོང་སྤྱི་གཞོན་པ་དུང་ཅཱ་ཧྥུང་།གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཉི་མ་བཀྲ་ཤིས་ཀྱིས་རྟོག་ཞིབ་རིང་ཕེབས་རོགས་ཞུས།
གྲོང་ཁྱེར་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་མཛོད་ཁུག་ཏུ་ཕུར་བུ་དོན་གྲུབ་ཀྱིས་འབྲུ་རིགས་མཛོད་ཉར་གནས་ཚུལ་དང་འབྲུ་རིགས་ཉོ་སྒྲུབ་གནས་ཚུལ་ལ་ཤེས་རྟོགས་གནང་བ་དང་།མཛོད་ཉར་འབྲུ་རིགས་སྣེ་ཁ་དང་གཞི་ཁྱོན།དེ་བཞིན་འབྲུ་རིགས་གསོག་འཇོག་མཛོད་ཁང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཚགས་གནང་བ་མ་ཟད།མཛོད་ཁང་གི་མཛོད་ཉར་འབྲུ་རིགས་དང་དོ་དམ།སྤུས་ཚད་འགན་ལེན་གནས་ཚུལ་ལ་བརྟག་དཔྱད་གནང་བ་དང་།ཁོང་གིས་འབྲུ་རིགས་ལ་ཉེན་སྐྱོན་མེད་པ་བྱེད་རྒྱུ་དེ་གྲོང་ཁྱེར་འཕེལ་རྒྱས་བརྟན་པོ་ཡོང་བའི་རྨང་གཞི་འགན་སྲུང་དང་། འཆམ་མཐུན་སྤྱི་ཚོགས་
(པར་ངོས་གསུམ་པར་གཟིགས)