འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།གྲོང་ཨུད་ཧྲུའུ་ཅི་གཞོན་པ།གྲོང་སྤྱི་ཕུར་བུ་དོན་གྲུབ་ཀྱིས་འབྲེལ་ཡོད་ཚན་པའི་འགན་འཁུར་བའི་སྣེ་ཁྲིད་དེ་ལས་བྱེད་ལས་བཟོའི་སྡོད་ཁང་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་གྱི་འཕེལ་རིམ་གནས་ཚུལ་ལ་ལྟ་ཞིབ་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།སྣེ་གདོང་ཆུས་ཨུད་ཧྲུའུ་ཅི་ཉི་མ་ཚེ་རིང་།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུད་ཏང་ཙུའི་ཧྲུའུ་ཅི་ཏེང་ཆོན།གྲོང་སྤྱི་གཞོན་པ་དུང་ཅཱ་ཧྥུང་།གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཉི་མ་བཀྲ་ཤིས་བཅས་ཀྱིས་ལྟ་ཞིབ་རིང་ཕེབས་རོགས་ཞུས།
སྤྱི་བདེ་དང་དགེ་རྒན་གྱི་སྡོད་ཁང་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་རྣམ་གྲངས་ཀྱི་གྲུབ་ཆ་གཙོ་བོ་ལས་མཇུག་སྒྲིལ་བ་དང་།ཨར་ལས་མི་སྣས་གོ་རིམ་ལྡན་པའི་ངང་ཨར་སྐྲུན་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བཞིན་ཡོད།ཕུར་བུ་དོན་གྲུབ་ཀྱིས་རྣམ་གྲངས་ཀྱི་མྱུར་ཚད་ལ་གདེང་འཇོག་གནང་བ་དང་ཆབས་ཅིག་འབྲེལ་ཡོད་ཚན་པས་སྤུས་ཚད་འགན་ལེན་བྱེད་པའི་ཆ་རྐྱེན་འོག་ལས་གྲའི་མྱུར་ཚད་ལ་སྐུལ་འདེད་བཏང་ཐོག་གང་མགྱོགས་གནས་སྡོད་ཐུབ་རྒྱུར་ (པར་ངོས་གསུམ་པར་གཟིགས)