第04版:藏区新闻 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སྔོན་དཔག་ལྟར་ན་བོད་ཀྱིས་2018ལོར་རྫོང་གྲོང་ཚང་མར་ གཞུང་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ།
པར་རིས་གསར་འགྱུར་།
མེ་ལོང་
བོད་ལྗོངས་ཀྱི་ལུས་རྩལ་དཔའ་བོ་ཚོའི་ཉམས་འགྱུར།
འདི་ནི་སྨི་10000ཡི་རྟིང་རྩོད་འགྲན་བསྡུར་ཁྲོད་ཀྱི་སྟོབས་རྒྱལ།
འདི་ནི་བདམས་ཐོན་པ་པད་མ་ཆོས་སྒྲོན་གྱིས་སྨི་70ཡི་མདའ་རྩལ་འགྲན་པ།
བོད་ཀྱིས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་208ལྷག་ཙམ་ བསྡུ་སྒྲིལ་བྱས་ཏེ་དབུལ་སྐྱོར་ཐད་བཏང་བ།
བོད་ཀྱི་ལུས་རྩལ་པར་གཡུར་ཟའི་ གྲུབ་འབྲས་ཐོབ་འདུག
འདི་ནི་ཤི་ལོག་སྒྲོལ་མས་(སྔོན་པོ)སྦེ་ག་འགྲན་བསྡུར་བྱེད་པ།
| 山南网首页 |
2017年9月20日 星期
下一篇 4 放大 缩小 默认
སྔོན་དཔག་ལྟར་ན་བོད་ཀྱིས་2018ལོར་རྫོང་གྲོང་ཚང་མར་ གཞུང་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ།
 
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས།བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྡེ་ཚན་ནས་ཤེས་རྟོགས་བྱས་པར། བོད་ཀྱི་མེ་ཏོག་རྫོང་གི་སྣུམ་ནག་ལམ་གྱི་རྣམ་གྲངས་ལ་འགྲིམ་འགྲུལ་པུའི་ཆོག་མཆན་ཐོབ་ནས་རྣམ་གྲངས་ཚུགས་པ་དང་། འབྲེལ་ཡོད་ལས་གྲྭ་ལས་འགོ་ཚུགས་ཉེར་ཡོད་པ་དང་སྔོན་དཔག་ལྟར་ན་2018ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེ་དུས་བོད་ཀྱི་རྫོང་གྲོང་74ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་རྒྱུ་རེད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅིན་ཧོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ཀྱི་རྫོང་71ལ་སྣུམ་ནག་ལམ་བཏིང་བ་དང་མཚོ་གཉིས་དང་། ཉི་མ། མེ་ཏོག་བཅས་རྫོང་གསུམ་ལ་ད་དུང་སྣུམ་ནག་ལམ་ཤར་གཏོང་ཐུབ་མེད། སྔོན་རྩིས་བྱས་ན། འདི་ལོའི་ལོ་མཇུག་ཏུ་མེ་ཏོག་ཕུད་པའི་རྫོང་གྲོང་ཚང་མར་སྣུམ་ནག་ལམ་འདིང་བའི་དམིགས་ཚད་མངོན་འགྱུར་བྱས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་2017ལོའི་ལས་དོན་སྙན་སྒྲོན་གྱི་གཏན་འབེབས་བྱས་པའི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱ་རྒྱུ་རེད།

འགྲིམ་འགྲུལ་དབུལ་སྐྱོར་ལས་འགན་ལེགས་སྒྲུབ་བྱས་ཏེ་འགྲིམ་འགྲུལ་ལས་རིགས་ཀྱི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ། ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོར་རླངས་འཁོར་ཤར་གཏོང་སོགས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བཅས་བྱས་ནས་འགྲིམ་འགྲུལ་པུས་རང་ལྗོངས་ལ་གཤམ་བསྒྲགས་བྱས་པའི‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ་80དང་བརྒྱ་ཆ་30ཟིན་རྒྱུའི་དམིགས་ཚད་ལས་འགན་ལེགས་གྲུབ་བྱ་རྒྱུ་རེད། མིག་སྔར། བོད་ཀྱི་ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་697དང་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོའི་གྲོང་མི་ཨུ་ལྷན་དང་ཡུལ་མི་ཨུ་ལྷན་5467གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་གཉིས་ཀ་བརྒྱ་ཆ་100ཟིན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་53532ཟིན་ཡོད། 2016ལོ་ཁོ་ནར་ས་གནས་དེ་གའི་མང་ཚོགས་ཁྲི་17ལ་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་འབབ་འཕར་སྒོར་དུང་ཕྱུར་48ལྷག་ཙམ་བྱུང་བ་རེད”ཅེས་ཝང་ཅིན་ཧོ་ཡིས་བཤད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻