第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2017年9月20日 星期
3 上一篇 放大 缩小 默认
无标题
 

(པར་ངོས་དང་པོར་མཐུད) གྲོང་ཨུད་རྒྱུན་ཨུ།དྲུང་ཆེ་ཧོ་ཕེ་དང་།གྲོང་ཨུད་རྒྱུན་ཨུ།རྩ་འཛུགས་པུའུ་ཀྲང་ཀྲང་ཏིང་ཁྲེང་།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།སྣེ་གདོང་ཆུས་ཨུད་ཧྲུའུ་ཅི་ཉི་མ་ཚེ་རིང་།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།མཚོ་སྣ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡུའེ་ཧྲེང་ནེང་།གྲོང་སྤྱི་གཞོན་པ་ཧོང་ཅིང་ཁྲེང་།བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་ཁག་སོ་སོར་རང་བཤེར་དཔྱད་བསྡུར་བྱེད་སྒོར་ཞུགས་པ་མ་ཟད།རྫོང་ཁག་གི་འབྲེལ་ཡོད་ལས་དོན་ལ་བསམ་འཆར་གྲོས་འགོ་བཏོན་གནང་བ་རེད།

ཞུས་ཁྲེང་ཚང་དང་བཅས་པས་སྔ་རྗེས་སུ་རྒྱ་ཚྭ་དང་ཟངས་རི།ཆུ་གསུམ།ལྷུན་རྩེ།མཚོ་སྣ།མཚོ་སྨད།ལྷོ་བྲག སྣ་དཀར་རྩེ་བཅས་རྫོང་བརྒྱད་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་ལྟ་སྦྱོང་དང་།རྩིས་ཁྲ་སྣ་ཚོགས་ལ་ལྟ་ཞིབ།འགན་འཁྲི་སྒྲུབ་ཚུལ།དྲི་བར་ལན་བརྒྱབ་པ་སོགས་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་ནས་རྫོང་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་དང་དབུལ་གྲོལ་འགག་སྒྲོལ་སོགས་ཀྱི་གཙོ་གནད་ལས་དོན་ཁག་ལ་བརྟག་དཔྱད་གནང་བ་དང་ཆབས་ཅིག རྫོང་ཁག་གི་འགན་འཁུར་བས་གཞི་རིམ་ཏང་འཛུགས་སྐྱོང་དང་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྙན་ཞུ་གསན་གནང་བ་རེད།

ཞུས་ཁྲེང་ཚང་གིས་རྫོང་ཤང་རིམ་པ་དང་པོ་ནི་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་ཁྲོད་གོང་མཐུད་འོག་འདྲེན་གྱི་གཙོ་གནད་ལྷུ་ཚིགས་དང་།དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་།བརྟན་ལྷིང་སྲུང་སྐྱོང་།ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གལ་ཆེའི་རྨང་གཞིའི་ཡིན་ལ།ལས་བྱེད་པའི་ལས་སྒྲུབ་ལས་གཏོད་དང་སྦྱོང་བརྡར་འཚར་ལོངས་ཡོང་བ་བྱེད་པའི་གལ་ཆེའི་སྟེགས་བུ་ཞིག་ཀྱང་ཡིན།རྒྱ་ཆེའི་རྫོང་ཤང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་བསམ་བློ་རང་འགུལ་དང་དོན་དངོས་བྱ་སྤྱོད་ལ་འགྱུར་བ་བྱས་ཐོག་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་།

ཞུས་ཁྲེང་ཚང་གིས་ཆབ་སྲིད་ཤོད་པ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་དགོས་པ་སྟེ།འདུ་ཤེས་བཞི་བརྟན་པོ་འཛུགས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་ལྟོས་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་་གཅིག་ཏུ་དགའ་གུས་དང་གོང་བཀུར་གནང་སྟེ་ཆབ་སྲིད་ཤོད་པ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་རྒྱུ་དེ་ཞིབ་ཕྲའི་ལས་དོན་དང་བྱ་སྤྱོད་ངོ་མའི་ཁྲོད་དོན་འཁྱོལ་ཡོང་བ་བྱེད་དགོས་པ་དང་།སློབ་སྦྱོང་ལ་ཤུགས་སྣོན་དང་རང་ནུས་མཐོར་གཏོང་བྱེད་དགོས་པ་སྟེ།རང་འགུལ་ངང་སློབ་སྦྱོང་བྱེད་རྒྱུ་དེ་གོམས་གཤིས་སུ་ཆགས་པ་བྱེད་དགོས་པ་དང་།ནམ་འཚོའི་བར་དུ་སློབ་སྦྱོང་དང་སློབ་སྦྱོང་མང་ཙམ་བྱས་ཏེ་རང་ཉིད་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་གནད་དུ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱེད་དགོས།རང་འགན་གཙང་སྒྲུབ་དང་འགན་འཁུར་ཕོད་པ།ལས་བརྩོན་བཅས་ལྡན་པའི་ལས་སྒྲུབ་མི་སྣ་ཞིག་བྱེད་དགོས་པའི་བླང་བྱ་བཏོན་གནང་།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
དག་བཅོས་གསལ་བཤད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་ཆུའི་ལས་དོན་ཚོགས་འདུ་འཚོགས་པ།