第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སྤྱི་ཚོགས་དཔལ་འབྱོར་གྱི་ལྗོན་བཟང་ལེགས་པར་བསྐྱངས།
ལེགས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ ཏང་གི་ཚོགས་ཆེན་བཅུ་དགུ་བསུ་།
ཕུར་བུ་དོན་གྲུབ་ཀྱིས་སྣ་དཀར་རྩེ་རྫོང་དུ་རྟོག་ཞིབ་གནང་སྐབས་ཉི་འོད་ནུས་པ་བེད་སྤྱོད་གང་ལེགས་བྱས་ཏེ་
ཁྱིམ་བཞི་ཤང་གི་མང་ཚོགས་ལ་ཉེར་མཁོའི་ཅ་དངོས་སྤྲད་པ།
ཆུ་གསུམ་དུ་ཕྱིར་མིག་ལྟ་བའི་སྒྲོག་འགྲེལ་བྱས་པ།
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།
| 山南网首页 |
2017年9月20日 星期
3 上一篇  下一篇 4 放大 缩小 默认
ཕུར་བུ་དོན་གྲུབ་ཀྱིས་སྣ་དཀར་རྩེ་རྫོང་དུ་རྟོག་ཞིབ་གནང་སྐབས་ཉི་འོད་ནུས་པ་བེད་སྤྱོད་གང་ལེགས་བྱས་ཏེ་
 
(པར་ངོས་དང་པོར་མཐུད) རྟོག་ཞིབ་རིང་ཕེབས་རོགས་ཞུས།

འདི་ལོའི་ཟླ་5ཚེས་20ཉིན་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པའི་སྣ་དཀར་རྩེ་རྫོང་གི་ཀྲའོ་ཝ་50ཡི་འོད་ཤུགས་གློག་ཁང་གི་ས་ཆའི་རྒྱ་ཁྱོན་ལ་མུའུ་1157ཡོད་པ་དང་།ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་7633ཟིན་པ་དང་།མིག་སྔར་བོད་ཀྱི་གློག་འདོན་ཚད་མང་ཤོས་དང་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་གློག་འདོན་རྣམ་གྲངས་ཤིག་ཡིན།ཕུར་བུ་དོན་གྲུབ་ཀྱིས་འོད་ཤུགས་གློག་ཁང་གི་འཁོར་རྒྱུག་དང་ཉིན་རེའི་གློག་འདོན་ཚད་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་གནང་བ་རེད།

ཕུར་བུ་དོན་གྲུབ་ཀྱིས་ཉེ་བའི་ལོ་ཤས་ཚུན་དུ།ངེད་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་མཐའ་འཁྱོངས་བྱས་ནས་བོད་དབུས་དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་དམིགས་ཚད་བཏོན་པ་དང་།དྭགས་པོ་དང་རྒྱ་ཚྭའི་གློག་ཁང་བསྐྲུན་མགྱོགས་སུ་བཏང་བས་རྣམ་གྲངས་དེ་དག་གིས་མ་གནས་ནུས་ཁུངས་གྲོན་ཆུང་ཐུབ་པ་མ་ཟད་།ད་དུང་ཐཱན་འབུད་ཚད་ཉུང་དུ་ཕྱིན་ཏེ་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད།རིམ་ཁག་ཚན་པ་ཁག་དང་ལྷག་དོན་དུ་མཐའ་མཚམས་མཐོ་གྲང་རྫོང་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་པ་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་།མིག་ལ་གཅེས་སྐྱོང་བྱེད་པ་ལྟར་ཁོར་ཡུག་སྲུང་སྐྱོབ་ལ་གཅེས་སྤྲས་བྱས་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས་པ་དང་།ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པ་དེ་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་དང་།རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་ཏེ་སྣོད་བཅུད་སྲུང་སྐྱོབ་ལམ་ལུགས་ལག་བསྟན་ནན་ཏན་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་མཉམ་འཕེལ་མངོན་འགྱུར་ཡོང་བ་བྱས་ཐོག་གནམ་དྭངས་ཤིང་ས་གཞི་སྔོ་ལྗང་གིས་བརྒྱན་པའི་མཛེས་པའི་ལྷོ་ཁ་བསྐྲུན་དགོས་པའི་ནན་བཤད་གནང་།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻