第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སྤྱི་ཚོགས་དཔལ་འབྱོར་གྱི་ལྗོན་བཟང་ལེགས་པར་བསྐྱངས།
ལེགས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ ཏང་གི་ཚོགས་ཆེན་བཅུ་དགུ་བསུ་།
ཕུར་བུ་དོན་གྲུབ་ཀྱིས་སྣ་དཀར་རྩེ་རྫོང་དུ་རྟོག་ཞིབ་གནང་སྐབས་ཉི་འོད་ནུས་པ་བེད་སྤྱོད་གང་ལེགས་བྱས་ཏེ་
ཁྱིམ་བཞི་ཤང་གི་མང་ཚོགས་ལ་ཉེར་མཁོའི་ཅ་དངོས་སྤྲད་པ།
ཆུ་གསུམ་དུ་ཕྱིར་མིག་ལྟ་བའི་སྒྲོག་འགྲེལ་བྱས་པ།
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།
| 山南网首页 |
2017年9月20日 星期
下一篇 4 放大 缩小 默认
སྤྱི་ཚོགས་དཔལ་འབྱོར་གྱི་ལྗོན་བཟང་ལེགས་པར་བསྐྱངས།
སྣ་དཀར་རྩེ་རྫོང་གི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྒྲིལ་གླེང་།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དུས་ཡུན་རིང་པོའི་ནང་སྣ་དཀར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་རིགས་ལས་དོན་ལ་མཐོང་ཆེན་དང་གྲངས་ཉུང་མི་རིགས་ཀྱི་མཐུན་སྒྲིལ་སློབ་གསོ་དང་། འཕྲོད་བསྟེན། རིག་གནས། དཔལ་འབྱོར་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱས་ཏེ་མི་རིགས་འདྲ་མཉམ་རྒྱུན་འཁྱོངས་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ལ་ཤུགས་སྣོན། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ལ་ཤུགས་སྣོན། གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་ཡུལ་གོམས་གཤིས་ལུགས་ལ་བརྩི་འཇོག ཆོས་དད་རང་མོས་ལ་བརྩི་འཇོག་བཅས་ལ་སྔ་ཕྱི་བར་གསུམ་དུ་ཤུགས་སྣོན་བརྒྱབ་པས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། དུས་མཚུངས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་གཏིང་ཟབ་བྱས་པ་དང་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་རེད།

མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཞི་མཐུན་སྤྱི་ཚོགས་མཉམ་དུ་བསྐྲུན་པ།

མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་ཀྱིས་ལས་བྱེད་ལས་བཟོར་སློབ་ གསོ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་དུས་མཚུངས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པའི་ལས་དོན་ལས་ཁུངས་ཀྱི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་བཅུག་ནས་འབད་བརྩོན་ལྷོད་མེད་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་ཁྲོད་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་། མི་རིགས་སྲིད་ཇུས། མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཀྱི་གཞི་རྩའི་ཤེས་བྱའི་སློབ་གསོ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ལས་དོན་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཐོག་ལས་བྱེད་ལས་བཟོར་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་མཐར་ཕྱིན་པ་བྱེད་དགོས་པའི་སློབ་གསོ་རྒྱུན་ཆད་མེད་པར་བཏང་ནས་མི་རིགས་མཐུན་སྒྲིལ་གྱིས་སྤྱི་ཚོགས་དང་དཔལ་འབྱོར་ འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་རེད།

ནུས་ཤུགས་ཡོད་རྒུས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱས་པ།

བརྟན་ལྷིང་ལ་སྲུང་སྐྱོང་གིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ལ་གཞི་ཚུགས་ནས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཤིང་། དུས་ཡུན་རིང་པོའི་ནང་། སྣ་དཀར་རྩེ་རྫོང་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་འཛུགས་པ་དང་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་དང་། གཞི་རིམ། མང་ཚོགས་བཅས་ལ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་ཤུགས་བརྒྱབ་པ་དང་། ལྷག་པར་དུ་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དང་། བློ་གཅིག་སེམས་གཅིག་གིས་མི་རིཌ་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ། རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་སྒོ་སྤེལ་སྐབས་ཇུས་འདོན་དང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ཅེས་སྣ་དཀར་རྩེ་རྫོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད།

ཡིག་བསྐུར་ངོ་བཅར་དང་མང་ཚོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཤིང་། དུས་སྐབས་གསར་པའི་ཡིག་བསྐུར་ངོ་བཅར་དང་མང་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བརྟན་ལྷིང་གི་སྤྱི་ཡོངས་ལ་དམིགས་པ་དང་། ཧུར་བརྩོན་རང་འགུལ་དང་བབ་བསྟུན་སྣེ་ཁྲིད་ཀྱི་རྩ་དོན་མཐའ་འཁྱོངས། ཡིག་བསྐུར་ངོ་བཅར་གྱི་དྲི་བ་རེ་རེ་བཞིན་ནན་ཏན་ངང་ཐག་གཅོད་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་བདེའི་སྣ་དཀར་རྩེ་དང་ཞི་མཐུན་སྣ་དཀར་རྩེ་བསྐྲུན་རྒྱུར་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་རེད།

ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་དམངས་འཚོ་ལེགས་གཏོང་འགན་ལེན་བྱས་པ།

བརྩེ་བ་ཟབ་མོ་བཅངས་ནས་མང་ཚོགས་དབུལ་པོར་རོགས་རམ་བྱས་ཤིང་། དུས་ཡུན་རིང་པོའི་ནང་། སྣ་དཀར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དབུལ་སྐྱོར་དངོས་བྱེད་པ་དང་དབུལ་པོ་དངོས་ལ་རོགས་སྐྱོར་བྱེད་པའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་དབུལ་སྐྱོར་དཀའ་རོགས་དང་གྲོང་གསེབ་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་མངོན་གསལ་དོད་པའི་གནས་སུ་བཞག་ནས་ཚད་མཐོའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་གྲོང་སྡོད་རོགས་སྐྱོར་ལས་དོན་ཏན་ཏིག་སྤེལ་ཏེ་དམངས་ཀྱི་དཀའ་ངལ་ལ་རོགས་རམ་དང་། དམངས་ཀྱི་དཀའ་གནད་སེལ་བ། དམངས་ཕྱུག་པོ་ཆགས་རྒྱུར་རོགས་རམ་བཅས་བྱེད་པའི་ཁྲོད་དམངས་ཀྱི་ཡིད་ཆེས་དང་དམངས་ལ་ཕན་པ་ཐོབ་པ་བྱས་ཡོད།

དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་དང་། བརྟན་ལྷིང་ལ་སྲུང་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་དམིགས་ཡུལ་དུ་བྱས་ནས་ལས་བྱེད་པ་སྟོང་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་དང་གྲོང་སྡོད་ལས་དོན་ཏན་ཏིག་སྤེལ་ཏེ་ཚན་པའི་ལེགས་ཆ་དང་ལས་བྱེད་པ་མི་སྒེར་གྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གཟུགས་བརྙན་བཟང་པོ་བཏོད་པས་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་རེད། ད་ཆ། སྣ་དཀར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་རིགས་ཁག་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་བཞིན་ཡོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
སྤྱི་ཚོགས་དཔལ་འབྱོར་གྱི་ལྗོན་བཟང་ལེགས་པར་བསྐྱངས།
ལེགས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ ཏང་གི་ཚོགས་ཆེན་བཅུ་དགུ་བསུ་།
ཕུར་བུ་དོན་གྲུབ་ཀྱིས་སྣ་དཀར་རྩེ་རྫོང་དུ་རྟོག་ཞིབ་གནང་སྐབས་ཉི་འོད་ནུས་པ་བེད་སྤྱོད་གང་ལེགས་བྱས་ཏེ་
ཁྱིམ་བཞི་ཤང་གི་མང་ཚོགས་ལ་ཉེར་མཁོའི་ཅ་དངོས་སྤྲད་པ།
ཆུ་གསུམ་དུ་ཕྱིར་མིག་ལྟ་བའི་སྒྲོག་འགྲེལ་བྱས་པ།
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།