第04版:国际国内 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2017年9月11日 星期
下一篇 4 放大 缩小 默认
རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་69ཡིས་རང་རྒྱལ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་གྲོས་ཆོད་བཞག་པ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། ཚེས་17ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མིག་སྔའི་བར་རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གྲོས་ཆོད་འཇོག་མཁན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་69ཟིན་པ་དང་། སྡེ་ཚན་ཁག་དབར་གྱི་མཉམ་ལས་གྲོས་ཆོད་རབ་དང་རིམ་པ“འབྲེལ་མཐུད་ལྔའི”ཁྱབ་ཁོངས་ཁག་ལ་ཁྱབ་ཡོད་ཅེས་བཤད་པ་རེད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་འགོ་དེ་ཨུ་རུ་སུའི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་། ཧ་སག་སི་ཐན་གྱི་འོད་ཟེར་ལམ་བུ་ སོ་ཏི་ཨ་རབ་ཀྱི་2030ལོའི་འདོད་འདུན་སོགས་འཐབ་ཇུས་དང་གང་མགྱོགས་འབྲེལ་མཐུད་བྱས་ཏེ་ཀྲུང་མོང་ཨུ་གསུམ་གྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུའི་འཆར་འགོད་རྩ་གནད་ལག་ལེན་བསྟར་འགོ་བཙུགས་ཡོད། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཕུད། ཨ་ཧྥེ་རི་ཁ་དང་། ལ་ཏིང་མེ་གླིང་། ཅ་ལེ་པི་ས་ཁུལ་སོགས་ཀྱི་རྒྱལ་ཁབ་ཀྱིས་ཀྱང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུ་དང་ལེན་ཧུར་ཐག་བྱེད་ཀྱི་ཡོད་ཅེས་བཤད།

འགན་འཁུར་བ་དེས་རང་རྒྱལ་གྱི་ཁེ་ལས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ཡོད། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཀྲུང་གོ་ནས་ལོ་སི་བར་གྱི་ལྕགས་ལམ། ཀོ་ཏེར་གྲུ་ཁ་སོགས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་འཛུགས་སྐྲུན་མྱུར་པོ་བྱེད་བཞིན་ཡོད་པ་དང་། ཨེ་ཏི་སི་ཨ་པ་པ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་དང་། མོང་པ་ས་ནས་ནེ་རོ་པི་བར་གྱི་ལྕགས་ལམ་སོགས་སྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ། ཀྲུང་གོ་དང་འབར་མའི་བར་གྱི་མ་བཅོས་རྡོ་སྣུམ་གྱི་མདོང་ལམ་དངོས་སུ་སྤྱོད་འགོ་ཚུགས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་གཏོང་ཐེངས་4000ལས་བརྒལ་བ་དང་ཡོ་རོབ་ཀྱི་རྒྱལ་ཁབ་12དང་གྲོང་ཁྱེར་31ཏུ་འབྱོར་གྱི་ཡོད། ཐོན་ནུས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཞིང་། མིག་སྔའི་བར་རང་རྒྱལ་གྱིས་ཧ་སག་སི་ཐན་དང་ཨེ་ཙེ་ཨོ་ཕི་ཡ་སོགས་རྒྱལ་ཁབ་30ལྷག་ཙམ་དང་འཕྲུལ་འཁོར་གྲུབ་ཚུལ་དང་ལས་བྱེད་རྩ་བའི་རིག་པ་ཅན་གྱི་ཐོན་ནུས་མཉམ་ལས་བྱས་ཡོད། ཚོང་དོན་མ་འཇོག་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཞིང་། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཁེ་ལས་ཀྱིས་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་རྒྱལ་ཁབ་47ལ་མ་འཇོག་ཨ་སྒོར་དུང་ཕྱུར་66.1བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་6མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

རང་རྒྱལ་གྱི་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་མཉམ་ལས་ཀྱི་བར་མཐོངས་ཡངས་སུ་ཧུར་ཐག་བཏང་ཞིང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་རྒྱལ་ཁབ་ལ་དངུལ་བུན་ཨ་སྒོར་དུང་ཕྱུར་1100ལྷག་བཏང་བ་དང་། ཀྲུང་གོ་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཀུང་སིས་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་རྒྱལ་ཁབ་ལ་ཕྱིར་གཏོང་དང་མ་འཇོག་གི་འགན་བཅོལ་ཁས་ལེན་བྱེད་ཚད་ཨ་སྒོར་དུང་ཕྱུར་3200ཟིན་པ། དར་གོས་ལམ་བུའི་ཐེབས་རྩས་ཕྱི་ཕྱོགས་ལ་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་60ལས་བརྒལ་ཡོད། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་22དང་རང་དངུལ་བརྗེ་རེས་ཀྱི་གྲོས་ཆོད་བཞག་པར་བསྡོམས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1ཙམ་ཟིན་ཡོད།

རང་རྒྱལ་གྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་60ལྷག་ཙམ་དང་སློབ་གསོའི་མཉམ་ལས་ཀྱི་གྲོས་ཆོད་བཞགསྟེ། ནུས་པས་ལྕོགས་ཚོད་ཀྱིས་ཕྱི་ཕྱོགས་ལ་རོགས་སྐྱོབ་བྱས་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་སྒྲུབ་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国际国内
རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་69ཡིས་རང་རྒྱལ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་གྲོས་ཆོད་བཞག་པ།
མེ་ལོང་
ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་རེས་ཐེངས་བཞི་པ་ གཤམ་སྤྱོད་མཇུག་བསྒྲིལ་བ།
2018ལོའི་ལོ་མཇུག་གོང་གྲོང་ཚོ་ཡོངས་ལ་བཅའ་ཁྲིམས་ བློ་འདྲི་བ་གཞི་རྩའི་ཆ་ནས་ཁྱབ་པ་བྱ་རྒྱུ་ཡིན་པ།