འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས་ཆུ་གསུམ་རྫོང་གིས་ཁོར་ཡུག་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་སློབ་སྦྱོང་བྱས་པ་རེད།
སློབ་སྦྱོང་ཐོག་གསར་གཏོད་ཀྱི་འདུ་ཤེས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་རྒྱུ་ནི། ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་དང་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་ལ་འཁྱགས་རོམ་གྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་གནས་ལུགས་རྟོགས་པར་བྱས་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་མཛུབ་སྟོན་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་དགོས་པ། ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་ཤེས་བྱ་སློབ་སྦྱོང་ཡག་པོ་བྱེད་དགོས་པ། ལག་ལེན་དངོས་ཀྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།