第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2017年9月11日 星期
下一篇 4 放大 缩小 默认
སློབ་ཁང་ཆུང་ཆུང་གང་སར་ཁྱབ།སྒྲོག་འགྲེལ་ཚ་རླབས་ཡང་ཡང་འཕྱུར།
 

—— ལྷོ་ཁ་གྲོང་ཁྱེར་གྱིས་ཕྱིར་སྐྱོད་ལས་མིར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་སློབ་གསོ་གཏིང་ཟབ་སྤེལ་བ།

ཕྱིར་སྐྱོད་ལས་མིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད།ལྷོ་ཁ་གྲོང་ཁྱེར་གྱིས་སྒྲོག་འགྲེལ་སློབ་གསོའི་བྱ་ཐབས་གསར་གཏོད་བྱས་ཏེ་ཕྱིར་སྐྱོད་ལས་མིར་སྒྲོག་འགྲེལ་སློབ་གསོ་གཏོང་རྒྱུར་ཚོད་འཛིན་ཐེབས་པའི་འཇུར་མིག་གི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་སྒྲོག་འགྲེལ་ལག་དེབ་གཅིག་སྦྲག་བསྐུར་བྱེད་པ་དང་།ལག་ཐོགས་ཁ་པར་ལ་འཕྲིན་ཐུང་གཅིག་སྡེབ་བསྐུར་བྱེད་པ།སྐད་འཕྲིན་ཚོགས་པ་གཅིག་འཛུགས་པ།བརྗོད་དོན་གཙོ་བོའི་གླུ་གཞས་ཤིག་སྡེབ་བསྐུར་བྱེད་པ།ལག་ཐོགས་ཁ་པར་གྱི་ཤེལ་སྲུང་པར་རིས་གཅིག་ཁྱབ་གདལ་གཏོང་བ།ཁ་པར་བརྒྱུད་དྲིལ་བསྒྲགས་ཐེངས་གཅིག་བྱེད་པ།ལག་ཐོགས་ཁ་པར་གྱི་མཚར་དབྱངས་གཅིག་བཟོ་བ།གཅིག་སྡུད་སྒྲོག་འགྲེལ་ཐེངས་གཅིག་སྤེལ་བ།སློབ་སྦྱོང་མྱོང་ཚོར་གཅིག་འབུལ་བ་བཅས་ཀྱི་གཅིག་རེ་དགུའི་བྱ་ཐབས་འཚོལ་ཞིབ་དོན་འཁྱོལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ལས་མི་ཚང་མ་དང་ས་ཁོངས་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་ཡོད་པ་རེད།

གཞི་རྟེན་གསར་གཏོད་བྱས་ནས་སྒྲོག་འགྲེལ་ཐར་ཐོར་གྱི་དཀའ་གནད་བསལ་བ།

རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་རེད།བོད་ལྗོངས་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོ་ནི་ཁྲག་རྒྱུན་གཅིག་ཏུ་འདྲེས་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད་ཅེས་པ་སོགས་གོང་དཀར་རྫོང་ཁྱིམ་བཞི་ཤང་པད་སྒང་གྲོང་ཚོའི་ཙུའུ་གསུམ་པའི་གྲོང་མི་བྱམས་པ་ཚེ་རིང་གིས་སྐད་འཕྲིན་ཚོགས་པའི་ནང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འབྲེལ་ཡོད་ཤེས་བྱ་བསྐུར་ཡོད་པ་རེད།ཁོང་ནི་གོང་དཀར་རྫོང་གི་ལྷ་སའི་ཕྱིར་སྐྱོད་ལས་མིའི་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་ཁོང་གིས་ཕྱོགས་མིའི་ཏང་ཡོན་གྱི་དྲིལ་བསྒྲགས་མཁན་གྱི་འགན་འཁུར་ཡོད་པ་རེད།

གོང་དཀར་རྫོང་གིས་ལས་ཡུལ་དུ་ཕྱོགས་མིའི་ཏང་ཡོན་གྱི་གནས་སྐབས་ཏང་རྩ་འཛུགས་བཙུགས་པ་དང་།ཏང་ཀྲི་པུའུ་ཚང་མར་སྐད་འཕྲིན་ཚོགས་པ་བཙུགས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་འབྲེལ་ཡོད་ནང་དོན་ཀྲི་པུའུ་ཚང་མའི་སྐད་འཕྲིན་ཚོགས་པའི་ནང་བསྐུར་བས་ཕྱོགས་མི་ཏང་ཡོན་229དང་རྫོང་དེ་ཡོངས་ཀྱི་ཕྱིར་སྐྱོད་ལས་མི་ཞིང་འབྲོག་མང་ཚོགས་3102དེའི་ནང་ཞུགས་ཡོད་པ་རེད།

ཚང་མས་ད་ཆ་ཕ་ཡུལ་དང་ཁ་བྲལ་ཡང་ཏང་དང་ཁ་མི་འབྲལ་བའི་སྐད་འཕྲིན་ཚོགས་པའི་ནང་རྟག་ཏུ་རྩ་འཛུགས་ཀྱིས་བསྐུར་བའི་སློབ་སྦྱོང་དཔྱད་གཞི་མཐོང་རྒྱུ་ཡོད་ལ།ད་དུང་ཕ་ཡུལ་གྱི་འཕོ་འགྱུར་དང་རྩ་འཛུགས་ཀྱིས་རང་ཉིད་ལ་ཐུགས་ཁུར་བྱེད་ལུགས་ཀྱང་མཐོང་ཐུབ་ཀྱི་འདུག་པས་ཕྱིར་སྐྱོད་ལས་མིས་ཏང་གི་དྲོ་སྐྱིད་སྔར་བས་ཚོར་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

མཚོ་སྣ་རྫོང་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་གཞུང་ལས་ཁང་གིས་ཕྱིར་སྐྱོད་ལས་མིར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་ཁ་པར་གྱི་སྲུང་ཡོལ་ཁྱབ་གདལ་བཏང་ནས་ཚང་མས་རྟག་ཏུ་ཤེས་རྟོགས་དང་སློབ་སྦྱོང་ཐུབ་པ་བྱས་ཡོད་པ་རེད།

སྒྲོག་འགྲེལ་གྱི་ནང་དོན་ཁོང་དུ་ཆུད་པའི་འགན་ལེན་བྱས་པ།

སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་མང་ཚོགས་ལ་སྒྲོག་འགྲེལ་བྱས་ཡོད་ལ།མང་ཚོགས་ཀྱི་སེམས་ལ་ཟུག་རྒྱུར་ཁྲིད་སྟོན་དེ་བས་བྱས་ཡོད་པ་རེད།ལྷོ་ཁ་གྲོང་ཁྱེར་གྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་གླུ་གཞས་ཧུར་ཐག་བརྩམས་ནས་རྫོང(ཆུས)དུ་གླུ་གཞས་གཏོང་བའི་བྱེད་སྒོ་སྤེལ་ཡོད་པ་རེད།

འདི་ལོ་ནས་བཟུང་ལྷོ་བྲག་རྫོང་གི་མང་ཚོགས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་མི་ཤེས་པ་ཧ་ལམ་མེད་པ་རེད།

ལྷོ་བྲག་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་གཏན་འཁེལ་གྱི་བྱ་ཐབས་སྤྱོད་པའི་རྨང་གཞིའི་ཐོག་སྒྲོག་འགྲེལ་གྱི་བྱ་ཐབས་གསར་གཏོད་བྱས་ནས་ལག་ཐོགས་ཁ་པར་གྱི་མཚར་དབྱངས་བཟོས་ཡོད་པ་རེད།

ལྷོ་བྲག་རྫོང་གིjསྣང་ཆེན་བཞི་དང་དགའ་ཞེན་བཞིའིjབྱེད་སྒོ་གཞུང་ལས་ཁང་གིས་རྫོང་དེ་ཡོངས་ཀྱི་གློག་འཕྲིན་ལག་ཐོགས་ཁ་པར་སྤྱོད་མཁན་གྱི་མཚར་དབྱངས་དེ་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཚང་མས་མཉམ་དུ་ལེན་ཞེས་པའི་གླུ་གཞས་སུ་བསྒྱུར་བས་ས་གནས་དེ་གའི་མང་ཚོགས་ཡིན་ནའང་འདྲ་ཡང་ན་ཕྱིར་སྐྱོད་ལས་མི་གང་ཞིག་ཡིན་རུང་ཁ་པར་རྒྱག་ཐེངས་རེར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་ལ་ཕྱིར་དྲན་བྱེད་ཀྱི་ཡོད་པ་རེད།

སྙིང་གཏམ་ཤོད་རེས་བྱས་ནས་ཕྱོགས་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་པ།

ཕྱིར་སྐྱོད་ལས་མིའི་ཕྱོགས་མི་གཅིག་ཀྱང་མི་ལུས་པ་བྱ་ཆེད།ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་གཞི་རྟེན་མི་འདྲ་བའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་ནང་དོན་བརྒྱུད་བསྒྲགས་བྱས་པ་དང་དུས་མཚུངས་ཉེ་བཅར་གྱི་སྒྲོག་འགྲེལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང(ཆུས)ཁག་གི་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་ཁོངས་གཏོགས་ཁུལ་དེའི་གྲོང་སྡོད་ལས་དོན་རུ་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་འོང་སྐོར་སོགས་ཀྱི་དུས་ཚོད་ལ་ཕྱིར་སྐྱོད་ལས་མི་ཕ་ཕུལ་དུ་ལོག་པའི་གོ་སྐབས་སྤྱད་དེ་གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཕྱིར་སྐྱོད་ལས་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད་པ་རེད།སྣེ་གདོང་ཆུས་ཡར་སྟོད་ཤང་ཆོས་སྡེ་གོང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དེའི་ཨར་སྐྲུན་རུ་ཁག་གནས་ཡུལ་དུ་བསྐྱོད་ནས་ཕྱིར་སྐྱོད་ལས་མི་30ལྷག་ཙམ་ལ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་ཕྱིར་ལོག་ལས་མིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལག་ལེན་བྱེད་སྒོར་ཤེས་རྟོགས་དང་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国际国内
སློབ་ཁང་ཆུང་ཆུང་གང་སར་ཁྱབ།སྒྲོག་འགྲེལ་ཚ་རླབས་ཡང་ཡང་འཕྱུར།
གཤམ་སྤེལ་ ལྔའི་བྱེད་སྒོ
ཆུ་གསུམ་རྫོང་གིས།
བོད་ལྗོངས་མཁའ་འགྲུལ་གྱི་ཤིས་ཨན་ནས་ཐེ་ལན་སུའུ་མའེ་གླིང་ཕྲན་དུ་ཐད་ཀར་འཕུར་བའི་རྒྱལ་སྤྱིའི་མཁའ་ལམ་ཤར་གཏོང་ཐུབ་པ