འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ད་ཕན་ལོ་ཤས་རིང་ངེད་གྲོང་ཁྱེར་གྱིས་ཏང་རྩ་འཛུགས་ཀྱི་འཚོ་བའི་ནང་དོན་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཁྱབ་གདལ་བཏང་ནས་ཏང་ཀྲི་པུའུ་ཚང་མ་སྐུལ་སློང་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་ཏང་གཤིས་ལ་སྦྱོང་བརྡར་དང་ཏང་གཤིས་གོང་མཐོར་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།
བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་སློབ་སྦྱོང་སློབ་གསོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་བསམ་བློ་འཛུགས་སྐྱོང་ཨང་དང་པོར་བཞག་ནས་གཞི་རིམ་ཏང་རྩ་འཛུགས་ཁག་གཅིག་གི་ཏང་ནང་ཁུལ་གྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཡིག་ཆ་ཀློག་པ་དང་ཚགས་པར་ལྟ་ཀློག་སོགས་བྱེད་ཐབས་རྐྱང་པར་གནས་པའི་གནད་དོན་ཐག་གཅོད་བྱས་ཡོད།ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན།ཚད་གཞི་དང་སྲོལ་ཡིག་སོགས་ཀྱི་སློབ་སྦྱོང་ལ་དམིགས་ཏེདམར་ཁྲིད་སློབ་ཚན་དང་སྦྲ་གུར་སློབ་ཚན་ཁྲིད་ནས་ཡི་གེ་དང་།སྒྲ་སྙན།པར་རིས།བརྙན་ལམ་བཅས་ཀྱི་བྱེད་ཐབས་སྤྱད་དེ་དྲ་ཐོག་དང་དྲ་འོག་གི་སློབ་སྦྱོང་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་།རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློའི་འགག་སྒོ་སྲུང་བར་ཁྲིད་སྟོན།་འདུ་ཤེས་བཞི་བརྟན་པོ་འཆང་བ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ (པར་ངོས་གསུམ་པར་གཟིགས)