མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། ཨུ་རུ་སུའི་སྤྱི་ཁྱབ་ཞིབ་དཔྱོད་ཁང་ཁྲིམས་འཛིན་ལྟ་སྐུལ་དང་རུལ་རྒོལ་ཅུས་ཀྱི་ཅུས་ཀྲང་ཨ་ལེགས་ཤན་དར་·ལུ་ཤེ་ཚི་ཅིས་2016ལོར་ཨུ་རུ་སུའི་དཔོན་རིགས་380ཙམ་རུལ་སུངས་ཀྱིས་རྐྱེན་པས་གནས་དབྱུང་བཏང་བ་མ་ཟད། འདི་ལོ་ལོ་སྟོད་དུའང་དཔོན་རིགས་380ཙམ་རུལ་སུངས་ཀྱིས་རྐྱེན་པས་གནས་དབྱུང་བཏང་བ་རེད་ཅེས་བརྗོད།
གོང་ཚེས་ཉིན་ལུ་ཤེ་ཚི་ཅིས་ཨུ་རུ་སུའི་ཚགས་པར་དྲ་རྒྱའི་བཅར་འདྲི་དང་ལེན་བྱེད་སྐབས། རུལ་སུངས་ཀྱི་གནད་དོན་ནི་དཔོན་རིགས་ལ་ཡིད་ཆེས་མེད་པར་འགྱུར་བའི་རྒྱུ་ཆེན་གཙོ་བོ་ཞིག་ཡིན་པས། རུལ་སུངས་དང་འབྲེལ་བ་ཡོད་པའི་ཉེས་གསོག་གིས་ཨུ་རུ་སུར་གྱོང་གུན་ཚབས་ཆེན་བཟོས་ཡོད། ལོ་གཉིས་དང་ལོ་ཕྱེད་ཙམ་རིང་རུལ་སུངས་ཀྱིས་ཨུ་རུ་སུར་བཟོས་པའི་གྱོང་གུན་ཨུ་རུ་སུའི་སྒོར་དུང་ཕྱུར་1300སྟེ།མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་162.5ཙམ་ཟིན་ཡོད། ཉེ་བའི་ལོ་10རིང་རིམ་ཁག་དཔོན་རིགས་ཁྲི་8.6ལ་རུལ་སུངས་ཀྱི་གནད་དོན་གྱིས་རྐྱེན་པས་སྲིད་འཛིན་གྱི་ཆད་པ་ཕོག་ཡོད་ཅེས་བརྗོད།