第03版:综合 上一版3  4下一版
 
版面导航

第01版
头版

第02版
专版

第03版
综合
 
标题导航
ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བོད་དུ་བཅའ་སྡོད་བྱས་པ།
ཞུས་ཁྲེང་ཚང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འབྲེལ་ཡོད་ཡིག་ཆ་བརྒྱུད་བསྒྲགས་སློབ་སྦྱོང་དང་ཉེ་དུས་ཀྱི་ལས་ཀར་བཀོད་སྒྲིག་གནང་བ།
མངལ་མ་འཁོར་གོང་དང་མངལ་སྦྲུམ་ཆགས་དུས་ཞི་མི་དང་།ཁྱི། བྱ་བྱེའུ་སོགས་དང་ཉེ་པོ་བྱེད་མི་རུང་བའི་རྒྱུ་མཚན་གང་ཡིན་ནམ།
བོད་རང་སྐྱོང་ལྗོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས་ 《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་ངོ་སྤྲོད་མདོར་བསྡུས》ཡོངས་བསྒྲགས་བྱས་པ།
ཕུར་བུ་དོན་གྲུབ་ཀྱིས་ཡར་ཀླུང་གཙང་པོའི་ལྷོ་ཁའི་རྒྱུག་ཁུལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ།
| 山南网首页 |
2017年8月21日 星期
3 上一篇  下一篇 4 放大 缩小 默认
བོད་རང་སྐྱོང་ལྗོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས་ 《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་ངོ་སྤྲོད་མདོར་བསྡུས》ཡོངས་བསྒྲགས་བྱས་པ།
 

(པར་ངོས་དང་པོར་མཐུད)ངོ་སྤྲོད་མདོར་བསྡུས་ནང་།སློབ་གསར་གྱིས་རྒྱལ་ཁབ་ཀྱི་རོགས་དངུལ་སྲིད་ཇུས་ཤེས་རྟོགས་བྱས་རྗེས་བརྟག་དཔྱད་རེའུ་མིག་ཇི་མ་ཇི་བཞིན་བྲིས་ནས་ས་གནས་ཀྱི་ཤང་གྲོང་ངམ་ཡང་ན་ཁྲོམ་གཞུང་དམངས་སྲིད་སྡེ་ཚན་གྱི་དཔྱད་ཞིབ་བརྒྱུད་ཐམ་ག་བརྒྱབ་རྗེས་དེར་གཞིགས་ནས་སློབ་ཞུགས་གོང་དང་སློབ་ཞུགས་རྗེས་ཀྱི་རོགས་དངུལ་རྣམ་གྲངས་རེ་ཞུ་བྱེད་ཆོག་པ་བསྟན་ཡོད་པ་རེད།

ངོ་སྤྲོད་མདོར་བསྡུས་ནང་།མིག་སྔར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རོགས་དངུལ་གྱི་སྲིད་ཇུས་མང་པོ་བཏོན་ཡོད།མཐོ་རིམ་སློབ་གསོའི་དུས་མཚམས་སུ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་།རྒྱལ་ཁབ་ཀྱི་ལྕག་སྐུལ་གཏོང་བའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ།རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ།རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཏེ།སློབ་གྲྭ་གནས་སའི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་དང་སློབ་ཁུངས་གནས་སའི་ཡིད་རྟོན་དངུལ་བུན་གྱི་སློབ་སྐྱོར་དངུལ་བུན་ཚུད་རྒྱལ་ཁབ་ཀྱི་དགེ་འོས་སློབ་མའི་སློབ་ཡོན་མི་དགོས་པའི་སློབ་གསོ།རང་སྐྱོང་ལྗོངས་ཀྱི་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཏེར་རིགས་ཀྱི་འབྲེལ་ཡོད་ཆེད་ལས་ཀྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་སྲིད་ཇུས།རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་སློབ་ཆེན་སློབ་མའི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་སྲིད་ཇུས།འོས་འགན་དམག་ཞབས་དང་ལེན་གྱི་རྒྱལ་ཁབ་ཀྱི་རོགས་དངུལ།དམག་ཞབས་ཐིམ་པའི་དམག་མིའི་སློབ་གསོའི་རོགས་དངུལ།ཐད་བསྡུའི་ཧྲི་ཀོན་དམག་དཔོན་གྱི་རྒྱལ་ཁབ་ཀྱི་རོགས་དངུལ།མཐོ་སློབ་སློབ་ཐོན་སློབ་མའི་སློབ་ཡོན་ཁ་གསབ་བམ་ཡང་ན་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་གྱི་དངུལ་བུན་ཚབ་འཇལ་སྲིད་ཇུས་ཏེ།གཞི་རིམ་དུ་ལས་ཞུགས་དང་།ཁེ་ལས་སུ་ལས་ཞུགས།རང་བརྟེན་ལས་གཏོད་བཅས་ཚུད་སློབ་གསར་གྱི་སློབ་ཞུགས་རོགས་དངུལ་རྣམ་གྲངས།སློབ་ཞོར་ལས་སྒྲུབ་ནས་སློབ་ཡོན་གསོག་པ།སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་རྣམ་པ་མང་པོ་ཟུང་དུ་འབྲེལ་བའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་ཀྱི་མ་ལག་བཙུགས་ཡོད་ཅེས་བསྟན་ཡོད་པ་རེད།

ངོ་སྤྲོད་མདོར་བསྡུས་ནང་།མཇུག་ཏུ་མདོར་བསྡུས་ནས་བརྗོད་ན“སེམས་ཁྲལ་བྱེད་མི་དགོས་པ་གསུམ”ནི།གཅིག་ནི་སློབ་ཞུགས་གོང་སེམས་ཁྲལ་བྱེད་མི་དགོས་པ་ཡིན་ཞིང་།རྒྱལ་ཡོངས་ཀྱི་རྫོང་ངམ་གྲོང་ཁྱེར་དང་ཆུས་ཕལ་ཆེ་བར་སློབ་ཁུངས་གནས་ཡུལ་གྱི་ཡིད་རྟོན་དངུལ་བུན་གྱི་སློབ་སྐྱོར་མ་དངུལ་གྱི་དངུལ་བུན་ཏེ།བོད་ཀྱིས་སློབ་ཁུངས་གནས་ཡུལ་གྱི་ཡིད་རྟོན་སློབ་སྐྱོར་མ་དངུལ་གྱི་དངུལ་བུན་ལས་སྒོ་ཧུར་ཐག་ངང་སྤེལ་བཞིན་ཡོདཔ་དང་།ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་གསར་གྱིས་རང་ཁྱིམ་གནས་སའི་རྫོང་རིམ་པའི་སློབ་གསོ་སྡེ་ཚན་ལ་འདུན་ཞུ་འབུལ་ནས་དངུལ་བུན་གཡར་བའི་འགྲོ་ལུགས་གཉེར་ཏེ་སློབ་ཡོན་དང་ཉལ་ཁང་གི་རིན་པ་སྤྲོད་ཆོག་པ།དབུས་ནུབ་རྒྱུད་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པའི་སློབ་གསར་གྱིས་ད་དུང་སློབ་གསར་སློབ་ཞུགས་ཀྱི་རོགས་དངུལ་འདུན་ཞུ་བྱས་ནས་སློབ་ཞུགས་ཀྱི་འབྱོར་ཐོ་འགོད་པའི་འགྲིལ་འགྲུལ་གྱི་བདལ་གླ་དང་སློབ་ཞུགས་རྗེས་ཀྱི་དུས་ཐུང་འཚོ་བའི་གྲོན་དངུལ་ལ་སྤྱོད་ཆོག་པ།གཉིས་ནི་སློབ་ཞུགས་སྐབས་སེམས་ཁྲལ་ལ་སྤྱོད་མི་དགོས་ཤིང་།སློབ་ཞུགས་སྐབས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་ཡོད་པའི་སློབ་གསར་གྱིས་སློབ་ཡོན་དང་ཉལ་ཁང་གི་རིན་པ་གནས་སྐབས་གྲབས་གསོག་བྱེད་མ་ཐུབ་ཚེ་སློབ་ཞུགས་ཀྱི་འབྱོར་ཐོ་འགོད་པའི་ཉིན་དེར་སློབ་གྲྭས་བཏོད་པའི་ཐོགས་མེད་བགྲོད་ལམ་ཞེས་པ་བརྒྱུད་ཐད་ཀར་འབྱོར་ཐོ་བཀོད་དེ་སློབ་ཞུགས་བྱས་ནས་སློབ་ཡོན་དང་ཉལ་ཁང་གི་རིན་པ་སྤྲོད་རྒྱུ་ནར་འགྱངས་བྱེད་ཆོག་པ།གསུམ་ནི་སློབ་ཞུགས་བྱས་རྗེས་སེམས་ཁྲལ་བྱེད་མི་དགོས་ཤིང་།སློབ་གྲྭས་ཐོགས་མེད་བགྲོད་ལམ་ཞེས་པ་བརྒྱུད་ནས་སློབ་ཞུགས་བྱས་པའི་སློབ་མ་དང་རོགས་དངུལ་འདུན་ཞུ་བྱེད་མཁན་སློབ་མ་གཞན་ལ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཆེ་ཆུང་དང་ཚད་གཞི་གཏན་འཁེལ་བྱས་ཏེ་བྱ་ཐབས་མི་འདྲ་བ་སྤྱད་ནས་རོགས་དངུལ་གནད་སྨིན་སྤྲོད་རྒྱུ་རེད།དེའི་ནང་སློབ་མའི་སློབ་ཡོན་དང་ཉལ་ཁང་གི་རིན་པ་སྤྲོད་རྒྱུའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད།རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གཙོ་བོར་བྱེད་པ་དང་རྒྱལ་ཁབ་ཀྱི་ལྕག་སྐུལ་གཏོང་བའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སོགས་རམ་འདེགས་བྱེད་པ།འཚོ་བའི་གྲོན་དངུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད།རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་གཙོ་བོར་བྱེད་པ་དང་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་གསོག་རྒྱུ་སོགས་རམ་འདེགས་སུ་བྱེད་པ།གཞན་ཡང་གལ་ཏེ་ཁྱེད་ཀྱིས་སྦྱོང་བའི་ཆེད་ལས་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཏེར་རིགས་དང་འབྲེལ་བ་ཡོད་པའི་ཆེད་ལས་ཡིན་ཚེ་ད་དུང་ལོ་ལྟར་སྒོར་6600(སློབ་ཡོན་དང་།ཉལ་ཁང་གི་རིན་པ།འཚོ་བའི་ཁ་གསབ་བཅས་ཚུད)ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་མ་དངུལ་ཐོབ་པ་དང་།གལ་ཏེ་སློབ་གྲྭར་སློབ་སྦྱོང་བྱེད་རིང་ངམ་ཡང་ན་སློབ་གྲྭ་ཐོན་རྗེས་ཁྱེད་ཀྱིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ནས་འོས་འགན་དམག་ཞབས་དང་ལེན་ནང་ཞུགས་པའམ་ཡང་ན།སློབ་གྲྭ་ཐོན་རྗེས་རང་ལྗོངས་ཀྱི་གཞི་རིམ་ཚན་པར་ལས་ཞུགས་བྱེད་པ་དང་།ཁེ་ལས་འབྲིང་གྲས་དང་ཆུང་གྲས་དང་ཆེས་ཆུང་གྲས་སུ་ལས་ཞུགས་བྱེད་པ་དང་།དེ་བཞིན་རང་བརྟེན་ལས་གཏོད་བྱེད་འདོད་ཡོད་ཚེ་ལས་ཞུགས་སམ་ལས་གཏོད་བྱས་ནས་ལོ་གསུམ་སོང་ཚེ་སློབ་གྲྭར་སློབ་སྦྱོང་བྱེད་རིང་ཐོབ་པའི་སློབ་ཡོན་དང་དེ་བཞིན་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་རག་པ་དེ་ཁྱེད་ལ་ཁ་གསབ་སྤྲོད་པའམ་ཡང་ན་ཚབ་འཇལ་བྱ་རྒྱུ་ཡིན་པ་བསྟན་ཡོད་པ་རེད།

དངོས་ཚན་དང་ཆེད་ཚན་གྱི་སློབ་མས་བོད་རང་སྐྱོང་ལྗོངས་ཀྱི་སློབ་མའི་རོཌ་དངུལ་དོ་དམ་ལྟེ་གནས་ཀྱི་ཐད་གཏོང་ཁ་པར་ཨང་གྲངས་0891-6599613、6599617ལ་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་ཆོག་ལ།ད་དུང་2017ལོའི་ཟླ་8ཚེས་15ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྒྱ་ཡིག་པར་ངོས་དྲུག་པའི་ཐོག་བཀོད་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་ངོ་སྤྲོད་མདོར་བསྡུས་ཞེས་པ་ནས་ཤེས་རྟོགས་ཞིབ་ཕྲ་བྱེད་ཆོག

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合
   第04版:国际国内
ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བོད་དུ་བཅའ་སྡོད་བྱས་པ།
ཞུས་ཁྲེང་ཚང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འབྲེལ་ཡོད་ཡིག་ཆ་བརྒྱུད་བསྒྲགས་སློབ་སྦྱོང་དང་ཉེ་དུས་ཀྱི་ལས་ཀར་བཀོད་སྒྲིག་གནང་བ།
མངལ་མ་འཁོར་གོང་དང་མངལ་སྦྲུམ་ཆགས་དུས་ཞི་མི་དང་།ཁྱི། བྱ་བྱེའུ་སོགས་དང་ཉེ་པོ་བྱེད་མི་རུང་བའི་རྒྱུ་མཚན་གང་ཡིན་ནམ།
བོད་རང་སྐྱོང་ལྗོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས་ 《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་ངོ་སྤྲོད་མདོར་བསྡུས》ཡོངས་བསྒྲགས་བྱས་པ།
ཕུར་བུ་དོན་གྲུབ་ཀྱིས་ཡར་ཀླུང་གཙང་པོའི་ལྷོ་ཁའི་རྒྱུག་ཁུལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ།