སྲོལ་མང་གཅིག་བསྡུས་ཀྱི་ལྟ་བ་ལག་བསྟར་བྱས་ནས་གཅིག་གྱུར་ཐོག་མངའ་ཁོངས་ཡོངས་ལ་ཁེབས་པའི་བར་སྟོང་བཀོད་སྒྲིག་མ་ལག་བཙུགས་ཏེ་འཕེལ་རྒྱས་ཀྱི་འཆར་འགོད་ཅིག་ཆགས་པ་བྱ་རྒྱུ། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་ཤང་གྲོང་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཐོག གྲོང་ཁྱེར་དང་ཤང་གྲོང་རྒྱུན་མཐུད་འཕེལ་རྒྱས་ཆུ་ཚད་གོང་མཐོར་གཏོང་རྒྱུ། ཕྱོགས་གཉིས་དམ་འཛིན་དང་གཉིས་ཀ་དམ་འཛིན་ལྷོད་མེད་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་བ་བྱ་རྒྱུ།