第04版:藏区新闻 上一版3
 
版面导航

第01版
头版

第02版
重要新闻

第03版
综合
 
标题导航
| 山南网首页 |
2017年7月28日 星期
3 上一篇  下一篇 4 放大 缩小 默认
ཁྲོན་བོད་གཞུང་ལམ་ལམ་རྒྱུད་ལོ་འཁོར་གྱི་ རང་བྱུང་གནོད་འཚེ་ཐོན་མང་བའི་ དུས་སུ་སླེབས་པ།
 

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས་གནས་ཚུལ་སྤེལ་གསལ།ཆར་དུས་ཤར་བ་ནས་བཟུང་ཁྲོན་བོད་གཞུང་ལམ་བོད་ལྗོངས་ས་ཁོངས་ནང་གི་ལམ་རྒྱུད་དུ་ཆར་པ་ཡང་ཡང་བབས་ནས་འདམ་རྡོའི་ཆུ་རུད་དང་། རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་མང་པོ་ཐོན་ཡོད་པ་རེད། བོད་ལྗོངས་འགྲིམ་འགྲུལ་སྡེ་ཚན་གྱིས་ཁྲོན་བོད་གཞུང་ལམ་བརྒྱུད་ནས་སྒེར་འཁོར་གཏོང་མཁན་དང་། རྐང་འཁོར་གཏོང་མཁན། རྐང་ཐང་མར་འགྲོ་མཁན་བཅས་བོད་དུ་ཡོང་མཁན་ཡུལ་སྐོར་བ་དང་འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པ་ཚོས་གནམ་གཤིས་ཆ་འཕྲིན་ལ་དོ་ཁུར་བྱས་ནས་གཞུང་ལམ་ཐོག་དལ་པོར་བསྐྱོད་དེ་འགྲོ་སྐྱོད་བདེ་འཇགས་ཡོང་བའི་འགན་ལེན་བྱེད་རྒྱུའི་དྲན་སྐུལ་བྱས་པ་རེད།

ཉེ་ཆར་བོད་ལྗོངས་ཆར་བ་འབབ་མང་བའི་དུས་སུ་སླེབས་པས་གློག་འཁྱུག་ཐོག་རྒྱག་སོགས་ཀྱི་གཏད་རྒྱུག་གནམ་གཤིས་བསྟན་མང་བ་དང་ཆར་པ་འབབ་ཤུགས་ཆེ་བ་དང་། ལྷག་དོན་དུ་ཁྲོན་བོད་གཞུང་ལམ་བོད་ལྗོངས་ཆབ་མདོ་དང་ཉིང་ཁྲིའི་ས་ཁོངས་སུ་ཆར་པ་ཡུན་རིང་བབས་པའི་རྐྱེན་གྱིས་ལམ་ངོས་རློན་འདྲེད་ཆེ་བ་དང་། ལམ་རྒྱུད་ཀྱི་རི་བོའི་ས་རྡོ་སོབ་སོབ་ཆགས་པ། ཆུ་བོ་རྒྱུག་ཤུགས་ཆེ་བ་བཅས་ཡོད་པས་འདམ་རྡོའི་ཆུ་རུད་དང་། རི་ཉིལ་བ། རྦབ་རྡོ་ཟགས་བ་སོགས་ཀྱི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད།

ཁྲོན་བོད་གཞུང་ལམ་ལམ་རྒྱུད་རང་བྱུང་གནོད་འཚེ་ཐོན་མང་བའི་ནམ་དུས་ཤར་བར་དམིགས་ནས་ས་གནས་དེ་གའི་འགྲོ་ལམ་ཤར་བགྲོད་འགན་ལེན་མི་སྣས་རི་ཉིལ་བ་དང་རྦབ་རྡོ་ཟགས་པ་སོགས་ཀྱི་གནས་ཚུལ་ཐོན་པའི་ལམ་དུམ་མང་པོ་ཞིག་ཏུ་ཉེན་བརྡའི་བྱང་བུ་བཀལ་ཡོད་པ་དང་དུས་མཚུངས་འགྲོ་ལམ་གཙང་བཟོ་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་དུས་རྟག་ཏུ་དེ་ཁུལ་དུ་སྐོར་ཞིབ་བྱེད་ཀྱི་ཡོད་པ་རེད།

གཞན་ཡང་། བོད་ལྗོངས་འགྲིམ་འགྲུལ་སྡེ་ཚན་དང་ཁྲོན་བོད་གཞུང་ལམ་ཤར་བགྲོད་འགན་ལེན་གྱི་ལས་འགན་འཁུར་མཁན་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོས་ད་དུང་ཁྲོན་བོད་གཞུང་ལམ་བརྒྱུད་ནས་བོད་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པས་ཕྱི་རུ་མ་བསྐྱོད་གོང་གནམ་གཤིས་ཆ་འཕྲིན་ལ་དོ་ཁུར་བྱས་ནས་ས་གནས་དེ་གའི་འགྲོ་ལམ་ཤར་བགྲོད་འགན་ལེན་མི་སྣའི་བཀོད་འདོམས་ལ་ནན་ཏན་གཞིགས་དགོས། མཚན་མོ་དང་དྲག་ཆར་བབས་པའི་གནམ་གཤིས་སུ་རླངས་འཁོར་གཏོང་མཚམས་འཇོག་པ་དང་། རླངས་འཁོར་གཏོང་སྐབས་འགྲོ་ལམ་ལམ་རྒྱུད་ཀྱི་རི་འདབས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་རྒྱུར་དོ་སྣང་བྱེད་དགོས་པ་དང་འབྲེལ། གལ་ཏེ་རྦབ་རྡོ་ཟགས་པའི་གནས་ཚུལ་ཐོན་ཚེ་དེ་ཁུལ་དུ་རླངས་འཁོར་ཁ་བཀག་ནས་ཡུན་རིང་སྡོད་མི་རུང་བ་དང་ཆུ་ཁ་མ་རྒྱས་གོང་ཟམ་པ་སྒྲོལ་རྒྱུའི་དྲན་སྐུལ་བྱས་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合
   第04版:藏区新闻
4
འདི་ལོའི་ཞོ་སྟོན་སྐོར་གྱི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་ཨང་དང་པོར་བྱ་དགའ་སྒོར་3000སྤྲོད་རྒྱུ་ཡིན་པ།
འོང་སྐོར། ཞིང་ཁུལ་གྱི་དམིགས་བསལ་རིག་གནས།
མེ་ལོང་
ཁྲོན་བོད་གཞུང་ལམ་ལམ་རྒྱུད་ལོ་འཁོར་གྱི་ རང་བྱུང་གནོད་འཚེ་ཐོན་མང་བའི་ དུས་སུ་སླེབས་པ།