ལྷོ་ཁ་གྲོང་ཁྱེར་བཟོ་ཚོང་མཉམ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་
དང་ཚོང་ཚོགས་བཙུགས་པའི་ཚོགས་ཆེན་རྩེད་ཐང་དུ་འཚོགས་པ།
(པར་ངོས་དང་པོར་མཐུད) ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་གཅིག་ལྕོགས་ཡིན་པའི་པ་སངས་རྡོ་རྗེ། གྲོང་ཨུད་ཧྲུའུ་ཅི་གཞོན་པ་བག་གྲོ དེ་བཞིན་གྲོང་ཨུད་དབུ་ཁྲིད་ཧོ་ཕེ་དང་ཝང་ཡུའོ་ཧྭ། བཀྲ་ཤིས། འཇམ་དབྱངས་བཅས་འགོ་ཚུགས་མཛད་སྒོར་ཕེབས།
ཚོགས་འདུའི་ཐོག་ངག་ཕོད་འཇིགས་ཡོན་གྱིས་འགན་འཁྲི་གསལ་ཤེས་དང་ལག་བསྟར་བྱས་ནས་བྱེད་ནུས་འདོན་སྤེལ་བྱེད་དགོས་པ་དང་། ལྟེ་བ་དང་སྤྱི་ཡོངས་ལ་དམིགས་པ་དང་ཞབས་འདེགས་ཞུས་ནས་སྤྱི་དབང་མིན་པའི་དཔལ་འབྱོར་གསར་གཏོད་གོང་འཕེལ་ཡོང་བ་བྱེད་དགོས་པ། ལས་སྟེགས་བསྐྲུན་ནས་སྤྱི་དབང་མིན་པའི་མི་སྣས་སྲིད་ཞུགས་སྲིད་གླེང་ཐུབ་པ་བྱེད་དགོས་པ། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཚད་ལོན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་བྱེད་མཁན་གྱི་དཔུང་ཁག་གཅིག་གསོ་སྐྱོང་བྱེད་དགོས་པ་བཅས་ཀྱི་བཀའ་སློབ་གནང་།
ཞུས་ཁྲེང་ཚང་གིས་འགན་ནུས་འདོན་སྤེལ་གང་ལེགས་དང་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བཟོ་ཚོང་མཉམ་ཚོགས་དང་སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་བྱ་གཞག་གི་རྣམ་པ་གསར་པ་གཏོད་དགོས་པའི་རེ་བ་བཏོན་གནང་ངོ་། ཚོགས་འདུའི་ཐོག་གྲོང་ཁྱེར་བཟོ་ཚོང་མཉམ་ཚོགས་ཀྱིས་ལས་དོན་སྙན་ཞུ་བྱས་པ་དང་སླད་ཕྱིན་ལོ་ལྔའི་རིང་གི་ལས་ཀའི་བསམ་ཕྱོགས་བཏོན་པ་རེད།