འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།རྒྱ་ཚྭ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད།རྫོང་གཉིས་ལས་གཞུང་ལས་ཁང་བཅས་ཀྱིས་འགན་གཉེར་བྱས་པའི་རྒྱ་ཚྭ་རྫོང་གི་སྐབས་གསུམ་པའི་མི་ཤུགས་ཐོན་ཁུངས་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ་རེད།
ད་ཐེངས་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་མཁན་གྱི་མཉམ་ལས་དང་ཁེ་ལས་26ཡོད་པ་དང་།རྩིས་པ་དང་དྲུང་ཡིག ཁ་ལོ་བ།བདེ་སྲུང་།གཙང་སྦྲ་བ།མགྲོན་ཁང་གི་ཞབས་ཞུ་བ།ལས་སྣོན་ལག་རྩལ་བ་སོགས་ལས་གནས་600ལྷག་མཁོ་འདོན་བྱས་ཡོད། ད་ཐེངས་ལས་ཀ་འཚོལ་བའི་ཞིང་འབྲོག་པ་དང་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ།མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་བཅས་མི་1000ལྷག་ཡོད་པ་དང་།ལས་ཞུགས་གན་རྒྱ་བཞག་མཁན་མི་75ཡོད་པ་རེད།
ངོ་འཕྲད་གྲོས་མོལ་ཐོག་རྫོང་མི་སྤྱི་ཅུད་ཀྱིས་བྱེད་སྒོའི་ལས་ཡུལ་དུ་རྒྱ་ཆེའི་ལས་ཀ་འཚོལ་མཁན་ལ་ལས་ཞུགས་རིགས་དང་འགན་བཅོལ་རིགས།ངལ་རྩོལ་ལྟ་བཤེར་རིགས་སོགས་ཀྱི་དྲིལ་བསྒྲགས་ཤེས་བྱའི་ལག་དེབ་སྣ་ཚོགས་སྤྲད་ཡོད་པ་རེད།