第02版:重要新闻 上一版3  4下一版
 
版面导航

第01版
头版

第02版
重要新闻

第03版
综合
 
标题导航
འཕྱོངས་རྒྱས་རྫོང་གིས་ཆེས་དབུལ་ཕོངས་ས་ཁུལ་གྱི་ཞིབ་བཤེར་ལས་དོན་སྤེལ་བ།
འབྲུབ་འགོག་ལས་ཀར་ཞུགས་ནས་བདེ་འཇགས་འགན་སྲུང་བྱེད།
ཟུར་འཐེན་ བརྟག་དཔྱད།
མཚོ་སྣ་རྫོང་སྦྱོར་ར་ཤང་གི་ཞིང་ཟོག་ཐོན་རྫས་ ཐའོ་པའོ་དྲ་ཐོག་ཏུ་དངོས་སུ་ཚོང་འགོ་ཚུགས་པ།
ཆུ་གསུམ་རྫོང་གིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ།
དམག་དམངས་ཀྱིས་མཉམ་གླུ་བླངས་ནས་བརྒྱད་གཅིག་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།
རྒྱ་ཚྭས་སྐབས་གསུམ་པའི་མི་ཤུགས་ཐོན་ཁུངས་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ།
| 山南网首页 |
2017年7月28日 星期
下一篇 4 放大 缩小 默认
འཕྱོངས་རྒྱས་རྫོང་གིས་ཆེས་དབུལ་ཕོངས་ས་ཁུལ་གྱི་ཞིབ་བཤེར་ལས་དོན་སྤེལ་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།གྲོང་ཁྱེར་གྱི་ཆེས་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དང་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་དོམས་པུའི་ཆེད་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་ཡོང་ཆེད། ཉེ་དུས། འཕྱོངས་རྒྱས་རྫོང་གིས་རྫོང་རིམ་པའི་ལས་བྱེད་མི་སྣས་ཤང་གྲོང་རྡལ་འགན་གཙང་ལེན་པའི་བྱ་ཐབས་སྤྱད་པ་དང་སྦྲགས་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་དོམས་པུའི་གཞུང་ལས་ཁང་གི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ།རྫོང་ཡོངས་ཀྱི་ཤང་གསུམ་དང་གྲོང་རྡལ་གཅིག སྲིད་འཛིན་གྲོང་ཚོ་20བཅས་སུ་ཟབ་བསྐྱོད་ཐོག་གྲོང་ཁྱེར་ནས་གཏན་འཁེལ་བྱས་པའི་དབུལ་ཕོངས་ཤང་གྲོང་རྡལ་དང་དབུལ་ཕོངས་གྲོང་ཚོ་ཡུལ་ལྷན་གཙོ་བོར་བྱས་ནས་ཕྱོགས་ཡོངས་ནས་ཆེས་དབུལ་ཕོངས་ས་ཁུལ་ལ་ཞིབ་བཤེར་བསྐྱར་མ་བྱས་པ་རེད།

གྲོང་སྤྱི་ཕུར་བུ་དོན་གྲུབ་ཀྱིས་ཆེས་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བཏོན་གནང་བའི་བླང་བྱ་ལྟར། ད་ཐེངས་ཀྱི་ཞིབ་བཤེར་ལས་དོན་དེ་ཡང་ཆེ་བ་གཉིས་ཏེ་བཙོག་སྐྱོན་གཏོང་ཚད་ཆེ་བ་དང་བཟོ་ལས་ནུས་རྒྱུ་སྤྱོད་ཚད་ཆེ་བ་དང་། ཐན་ཉུང་གཅིག འགོག་སྲུང་གསུམ་ཏེ་སྙིགས་རོ་ཐག་གཅོད་ཀྱི་འགོག་སྲུང་དང་། བཙོག་སྐྱོན་འབྱུང་རྩའི་འགོག་སྲུང་། བརྩོག་སྐྱོན་གཙང་སེལ་གྱི་འགོག་སྲུང་བཅས་དང་རང་བྱུང་ཐོན་ཁུངས་དང་། ཐོན་སྐྱེད་ཀྱི་རྒྱུ་ཆ། སྤྱི་ཚོགས་བྱ་གཞག ས་གཤིས་གནོད་འཚེ་ཐོན་ཚད་ཆེ་བ་སོགས་ཀྱི་གནས་ཚུལ་གཞིར་བཟུང་། གྲོང་ཚོ་དང་གྲོང་མིའི་ཁྱིམ་དུད་ནང་བསྐྱོད་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་དང་བསམ་འཆར་རེའུ་མིག་ཐོག་ཐོ་འགོད་བྱས་ཤིང་། ཤང་གྲོང་རྡལ་ཁག་དང་གྲོང་ཚོ་ཡུལ་ལྷན་གྱི་ཡིག་ཚགས་དང་གཱ་བཟོས་ནས་ཡོད་པའི་དབུལ་པོའི་དུད་ཚང་གི་འཚོ་བ་དང་ཐོན་སྐྱེད་ཀྱི་གནས་ཚུལ་རྒྱུས་མངའ་བྱས་པ་དང་སྦྲགས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ལས་གནས་བཀོད་སྒྲིག་དང་། དབུལ་སྐྱོར་སྲིད་འཇུས་དོན་འཁྱོལ། འཇོན་ཐང་ཅན་གྱིས་འབབ་འཕར་ཡོང་བར་སྣེ་ཁྲིད་སོགས་ཀྱི་ཐད་བཏོན་པའི་བསམ་ཆར་དང་། གྲོས་འགོ། དེ་བཞིན་མང་ཚོགས་ཀྱི་རེ་འདུན་བཅས་བསྡུ་ལེན་བྱས་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན། འཕྱོངས་རྒྱས་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་དཀའ་གནད་ལས་སྒྲོལ་ཐབས་དང་མི་སེམས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་ཐབས་བྱས་ཏེ། ཆེས་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོག་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་འབད་འབུངས་ཧུར་ཐག་བྱས་ཡོད། ད་ཐེངས་ཀྱི་ཞིབ་བཤེར་ལས་དོན་བརྒྱུད་གོམ་གང་མདུན་སྤོས་ཀྱིས་རྫོང་ཡོངས་ཀྱི་དབུལ་པོའི་གཞི་གྲངས་ལ་ཤེས་རྟོགས་དང་དབུལ་ཕོངས་སུ་འགྱུར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱུང་བས་ཆེས་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合
   第04版:藏区新闻
འཕྱོངས་རྒྱས་རྫོང་གིས་ཆེས་དབུལ་ཕོངས་ས་ཁུལ་གྱི་ཞིབ་བཤེར་ལས་དོན་སྤེལ་བ།
འབྲུབ་འགོག་ལས་ཀར་ཞུགས་ནས་བདེ་འཇགས་འགན་སྲུང་བྱེད།
ཟུར་འཐེན་ བརྟག་དཔྱད།
མཚོ་སྣ་རྫོང་སྦྱོར་ར་ཤང་གི་ཞིང་ཟོག་ཐོན་རྫས་ ཐའོ་པའོ་དྲ་ཐོག་ཏུ་དངོས་སུ་ཚོང་འགོ་ཚུགས་པ།
ཆུ་གསུམ་རྫོང་གིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ།
དམག་དམངས་ཀྱིས་མཉམ་གླུ་བླངས་ནས་བརྒྱད་གཅིག་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།
རྒྱ་ཚྭས་སྐབས་གསུམ་པའི་མི་ཤུགས་ཐོན་ཁུངས་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ།