第04版: 上一版3
 
版面导航

第01版

第02版

第03版
 
标题导航
| 山南网首页 |
2017年7月5日 星期
3 上一篇  下一篇 4 放大 缩小 默认
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་བོད་ལྗོངས་ཀྱི་ ཏང་ཡོན་གསར་པ་ཁྲི་10.32ལྷག་མང་དུ་སོང་བ།
ཏང་ཡོན་བསྡོམས་འབོར་ཁྲི་34.59ལས་བརྒལ་ཡོད་པ།
 

མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་གསལ་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་སུ་ཏང་ཡོན་གསར་པ་ཁྲི་10.32མང་དུ་སོང་ཡོད་ལ། 2016ལོར་ཏང་ཡོན་གསར་པ་ཁྲི་1.8ཞུགས་པ་རེད། 2016ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཡོངས་སུ་ཁྱོན་བསྡོམས་ཏང་ཡོན་ཁྲི་34.59ཡོད་པ་དང་། རང་སྐྱོང་ལྗོངས་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ་10.46ཟིན་ཡོད་ལ། དེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་28.27ཡོད་པ་དང་། ཞིང་འབྲོག་པའི་ཏང་ཡོན་ཁྲི་17.1ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཡོངས་ཀྱི་ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་སྒྲིག་བཀོད་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ"བསྡོམས་གྲངས་ཚོད་འཛིན་དང་། གྲུབ་ཚུལ་ལེགས་སྒྱུར། སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ"བཅས་གྱི་སྤྱིའི་བླང་བྱ་ལྟར་ཚད་གཞི་ནན་པོ་འཛིན་པ་དང་སྤུས་ཚད་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་འབྲོག་ཁུལ་དང་། མཐོ་རིམ་སློབ་གྲྭ། ཁ་བྲལ་རྒོལ་བའི་འཐབ་ཕྱོགས་དང་པོ་བཅས་ཀྱི་ཏང་ཡོན་གསར་པ་བསྡུ་ལེན་གྱི་ལས་དོན་འབུར་ཐོན་དུ་དམ་འཛིན་ལེགས་པར་བྱས་ནས་ཏང་ཡོན་དཔུང་ཁག་གི་གཞི་ཁྱོན་འོས་ཤིང་འཚམས་པ་རྒྱུན་འཁྱོངས་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་ལྗོངས་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གཏོང་བར་རྩ་འཛུགས་ཐོག་གི་འགན་ལེན་འགྱུར་མེད་སྟོབས་ལྡན་བྱས་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:
   第02版:
   第03版:
   第04版:
བོད་ལྗོངས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་བྱ་གཞག་གསར་གཏོད་དང་ལས་སྐྲུན་ཐད་
དོ་གནད་
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་བོད་ལྗོངས་ཀྱི་ ཏང་ཡོན་གསར་པ་ཁྲི་10.32ལྷག་མང་དུ་སོང་བ།