第04版: 上一版3
 
版面导航

第01版

第02版

第03版
 
标题导航
| 山南网首页 |
2017年7月5日 星期
下一篇 4 放大 缩小 默认
བོད་ལྗོངས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་བྱ་གཞག་གསར་གཏོད་དང་ལས་སྐྲུན་ཐད་
 

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་བོད་ལྗོངས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་བྱ་གཞག་གསར་གཏོད་དང་ལས་བསྐྲུན་ཐད་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་པའི་དངུལ་རྩའི་སྲིད་ཇུས་བཏོན་པ་དང་མི་སྒེར་གྱིས་བྱ་གཞག་གསར་གཏོད་ཀྱིས་ཁག་ཐེག་དངུལ་བུན་མང་ཤོས་ལ་སྒོར་ལྔ་འབུམ་དང་ཐུན་མོང་ཐོག་བྱ་གཞག་གསར་གཏོད་བྱས་ན་དངུལ་བུན་གྲངས་འབོར་ཁ་སྣོན་བྱེད་ཆོག་ཅིང་། དངུལ་བུན་གྱི་སྤྱི་འབོར་སྒོར་ས་ཡ་གཉིས་ལས་བརྒལ་ཆོག་གི་མེད་པ་རེད།

གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་གནས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། བྱ་གཞག་གསར་གཏོད་ལེགས་པོ་བྱས་ནས་ལས་ཞུགས་ལ་སྐུལ་སྤེལ་གཏོང་བའི་དངུལ་རྩའི་ཞབས་ཞུའི་མཛུབ་སྟོན་བསམ་འཆར་ཞེས་པའི་ཁྱབ་བསྒྲགས་གསར་ཤོས་ལ་གཞིགས་ན། ཟུར་སྐྱོར་གྱི་ཁ་གཏད་དང་ཞིབ་ཕྲའི་འགྲོ་ལུགས། འབྲེལ་ཡོད་གྲངས་འབོར་སོགས་ཀྱི་ཐད་ལ་གཏན་འབེབས་དེ་བས་ཞིབ་ཕྲ་བྱས་ཡོད་པ་རེད། རེ་ཞུ་བྱེད་མཁན་མི་སྒེར་གྱིས་བྱ་གཞག་གསར་གཏོད་ཁག་ཐེག་དངུལ་བུན་དང་ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་དངུལ་བུན། སྲིད་གཞུང་སྟེག་བུའི་མཉམ་ལས་རིགས་ཀྱི་གྲངས་ཉུང་དངུལ་བུན་སོགས་ཀྱི་ཐད་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད། མི་སྒེར་གྱི་བྱ་གཞག་གསར་གཏོད་དངུལ་བུན་རེ་ཞུ་བྱེད་པར་བོད་ལྗོངས་ཀྱི་ཐེམ་ཐོ་ཡིན་དགོས་པ་དང་དངུལ་བུན་གཡར་མཁན་གྱི་རོགས་ཟླའི་བྱ་གཞག་གསར་གཏོད་དམ་ཡང་ཡན་སྒྲིག་འཛུགས་བྱེད་མཁན་གྱི་བྱ་གཞག་གསར་གཏོད་བྱེད་པར་དངུལ་བུན་གྱི་སྤྱི་འབོར་མཐོ་ཤོས་ལ་སྒོ་ས་ཡ་གཉིས་ལ་བརྒལ་ཆོག་གི་མེད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་བྱ་གཞག་གསར་གཏོད་ཁག་ཐེག་དངུལ་བུན་དེ་བོད་ལྗོངས་དངུལ་ཁང་གི་ལས་རིགས་ཀྱི་སྤྱིར་བཏང་དུས་མཚུངས་དང་གདང་རིམ་འདྲ་མཉམ་ཀྱི་སྐྱེ་ཀ་ལྟར་ལག་ལེན་བསྟར་རྒྱུ་དང་དེའི་ནང་མཐོ་རིམ་སློབ་ཐོན་སློབ་མས་རེ་ཞུ་བེད་པའི་བྱ་གཞག་གསར་གཏོད་ཁག་ཐེག་དངུལ་བུན་ལག་བསྟར་དེ་བོད་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་ཀ་སྤྲོད་པའི་དངུལ་བུན་གྱི་སྐྱེ་ཀ་དང་ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་དངུལ་བུན་སྐྱེ་ཀ་དེ་བརྒྱ་ཆ་གཅིག་དང་གྲངས་ཆུང་ཀླད་ཀོར་བརྒྱད་ལྟར་ལག་ལེན་བསྟར་དགོས། སྲིད་གཞུང་སྟེག་བུའི་མཉམ་ལས་རིགས་ཀྱི་གྲངས་ཉུང་དངུལ་བུན་དེ་བོད་ལྗོངས་ཀྱི་དབུལ་སྐྱོར་སྐྱེ་ཀའི་དངུལ་བུན་གྱི་ཆ་རྐྱེན་དང་འཚམས་དགོས་པ་དང་བརྒྱ་ཆ་1དང་གྲངས་ཆུང་ཀླད་ཀོར་བརྒྱད་ལྟར་ལག་ལེན་བསྟད་དགོས་ཀྱི་ཡོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:
   第02版:
   第03版:
   第04版:
བོད་ལྗོངས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་བྱ་གཞག་གསར་གཏོད་དང་ལས་སྐྲུན་ཐད་
དོ་གནད་
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་བོད་ལྗོངས་ཀྱི་ ཏང་ཡོན་གསར་པ་ཁྲི་10.32ལྷག་མང་དུ་སོང་བ།