ཨ་མའི་འོ་མ་ནི་ཕྲུ་གུ་དམར་འབྱར་གྱི་རང་བྱུང་ལྟོ་ཆས་ཡག་ཤོས་ཤིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་བརྟག་དཔྱད་བྱས་པའི་དོན་དངོས་འབོར་ཆེན་ཐོག་ནས་ཨ་མའི་འོ་མས་གསོས་པའི་ཕྲུ་གུ་དམར་འབྱར་གྱི་གཟུགས་པོ་དང་རིག་སྟོབས་ཚང་མ་འོ་རྩམ་གྱིས་གསོས་པའི་ཕྲུ་གུ་དམར་འབྱར་ལས་མངོན་གསལ་དོད་པོས་ཡག་པ་ཡོད་པ་རེད།
དང་པོ། ཨ་མའི་འོ་མའི་འཚོ་བཅུད་ཀྱི་རིན་ཐང་མཐོ་བས་ཁྲག་དཀར་པོ་ཞེས་པའི་ཤོད་ཚུལ་ཡོད་པ་དང་། དེའི་ནང་གི་སྤྲི་དཀར་གྱི་རིགས་དང་ཞག་ཚི། མངར་ཆ་སོགས་ཀྱི་སྤུས་ཚད་ལེགས་པ་དང་བསྡུར་ཚད་འོས་འཚམ་ཞིག་ཡོད་ལ་འཇུ་སླ་པོ་ཡོད་པར་བརྟེན་ཕྲུ་གུ་དམར་འབྱར་འཚར་ལོངས་ཡོང་བའི་དགོས་མཁོ་དང་འཚམ་ཤོས་ཡིན།
གཉིས་པ། ཨ་མའི་འོ་མས་ཕྲུ་གུ་དམར་འབྱར་གྱི་ནད་འགོག་ཤུགས་ཆེ་རུ་གཏོང་ཐུབ། དེའི་ནང་དུ་རིམས་འགོག་སྤྲི་དཀར་སྣ་མང་ཡོད་པ་དང་། ལྷག་པར་དུ་ཉི་མ་བདུན་ནང་གི་ཐོག་མའི་འོ་མར་འདུས་ཚད་དེ་བས་མཐོ་པོ་ཡོད་ཅིང་། དེ་ཁ་ཟུག་དང་། མིད་པ། ཕོ་བ། རྒྱུ་མ་བཅས་ཀྱི་སྐྱི་ལྤགས་ཀྱི་ཕྱི་ངོས་སུ་འབྱར་ཏེ་འབུ་ཕྲ་འགོག་ཐུབ་པ་མ་ཟད།འབུ་ཕྲ་དེ་བས་མང་བ་ཞིག་བསད་པ་དང་ཕྲུ་གུ་དམར་འབྱར་གྱི་ནད་འགོག་ནུས་པ་མཐོ་རུ་བཏང་སྟེ་ཕྲུ་གུར་ནད་ཕོག་ཚད་ཉུང་དུ་གཏོང་ཐུབ།
གསུམ་པ། ཕྲུ་གུ་དམར་འབྱར་གྱི་རིག་སྟོབས་འཕེལ་རྒྱུར་ཕན་ཐོགས། ཨ་མའི་འོ་མའི་ནང་དུ་ཕྲུ་གུ་དམར་འབྱར་ལ་དགོས་ངེས་ཀྱི་ཨན་ཅིན་སོན་ཡོད་པ་ཕུད་ཨ་མའི་འོ་མ་སྟེར་ན་མ་བུ་དབར་གྱི་བརྩེ་དུང་ཟབ་ཏུ་འགྲོ་བ་དང་ཕྲུ་གུའི་སེམས་ཁམས་དང་། སྐད་ཆ། རིག་སྟོབས་བཅས་འཕེལ་རྒྱུར་ཕན་ཐོགས་ཡོད།
བཞི་པ། ཨ་མའི་འོ་མ་སྟེར་ན་ཨ་མའི་གཟུགས་པོ་ཐང་པོ་ཡོང་རྒྱུར་ཕན་ཐོགས། དེ་ནི་འོ་མ་སྟེར་ན་བུ་སྣོད་འཁུམ་པར་ཕན་པ་དང་ཕྲུ་གུ་སྐྱེས་རྗེས་ཁྲག་ཉུང་ཙམ་འདོན་པའི་དབང་གི་རེད།
ལྔ་པ། ཨ་མའི་འོ་མ་སྟེར་ན་སྟབས་བདེ་ཞིང་གཙང་མའང་ཡོད་པ་བཅས་རེད།